དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • “དམག་མི་རྒན་གྲས་ནམ་ཡང་ཏང་གི་རྗེས་སུ་འབྲངས། དམག་མི་རྒན་གྲས་སྒྲོག་འགྲེལ་ལས་ལ་གཞོལ”ཞེས་པའི་ལག་ལེན་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-10-15

    ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེན་གྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་དམག་ཞབས་ཐིམ་པའི་དམག་མིའི་དཔེ་སྟོན་སློབ་གསོའི་ནུས་པ་གང་ལེགས་འདོན་ཆེད། ཉེ་ཆར་རང་སྐྱོང་ལྗོངས་ཀྱི་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ཐིང་གིས་གཙོ་གཉེར་བྱས་ཤིང་། རང་སྐྱོང་ལྗོངས་ཀྱི་དམག་མི་རྒན་གྲས་ཀྱི་སྒྲོག་འགྲེལ་ཚོགས་པའི་ཁོངས་མིས་གཙོ་ཁྲིད་བྱས་པའི“དམག་མི་རྒན་གྲས་ནམ་ཡང་ཏང་གི་རྗེས་སུ་འབྲངས། དམག་མི་རྒན་གྲས་སྒྲོག་འགྲེལ་ལས་ལ་གཞོལ”ཞེས་པའི་ལག་ལེན་བྱེད་སྒོའི་སྒྲོག་འགྲེལ་ཐོག་མ་དེ་བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་དུ་བདེ་བླག་ངང་སྤེལ་ཡོད།

    རང་སྐྱོང་ལྗོངས་ཀྱི་དམག་མི་རྒན་གྲས་ཀྱི་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་གཉིས་ཀྱིས་རྒྱལ་གཅེས་རིང་ལུགས་དང་། དུས་བབ་སྲིད་ཇུས། དམག་ཞབས་ཐིམ་པའི་དམག་མིའི་ལས་གཏོད་ལས་ཞུགས། མཐའ་བརྟན་མཐའ་དར་སོགས་ཀྱི་ནང་དོན་ལ་དམིགས་ནས་སྒྲོག་འགྲེལ་བྱས་པར་དགེ་སློབ་ཚོའི་དགའ་བསུ་ཆེན་པོ་ཐོབ་པ་མ་ཟད། ས་གནས་ས་ཐོག་གི་རྣམ་པ་ཧ་ཅང་འཁྲུག་ཆ་དོད་པོ་ཡོད། སྒྲོག་འགྲེལ་མཇུག་འགྲིལ་རྗེས་སློབ་མ་ཚོས་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་དང་དེ་བཞིན་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ལ་སྔར་བས་ཤེས་རྟོགས་ཐུབ་བྱུང་། ད་ལྟ་ནས་བཟུང་མེས་རྒྱལ་སེམས་ལ་བཅངས་ནས་སློབ་སྦྱོང་ཧུར་ཐག་བྱས་ཏེ་འཇོན་ཐང་ཆེ་རུ་བཏང་ནས་རྒྱལ་ཁབ་ལ་དྲིན་ལན་འཇལ་གྱི་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།