དབུ་ཤོག>ཁྲིམས་ལུགས།>བརྟན་ལྷིང་གསེར་ཕུབ།
  • སྔོན་གཏན་འཁེལ་བའི་དམག་མི་གསར་པ་དམག་སྒར་དུ་སླེབས་པའི་གོམ་པ་དང་པོ་ཡག་པོ་སྤོ་རུ་བཅུག་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-10-15

    འདི་ནི་བློ་རྩེ་གཅིག་སྒྲིམ་གྱིས་འཇོན་ཐང་སྦྱོང་བཞིན་པ།

    འདི་ནི་གཟུགས་པོའི་བྱང་ཚད་མཐོ་རུ་གཏོང་བཞིན་པ།

    ཉེ་ཆར་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་དམག་བསྡུ་གཞུང་ལས་ཁང་གིས་སྔོན་གཏན་འཁེལ་བའི་དམག་མི་གསར་པར་ཟུངས་ནུས་ཚད་ལེན་ཚོད་ལྟ་བྱས་པ་དང་གསར་བརྗེའི་སྲོལ་རྒྱུན་སློབ་གསོ་གཏོང་བའི་བྱེད་སྒོ་སྤེལ་བ་རེད།

    དང་ཐོག་ཟུངས་ནུས་ཚད་ལེན་ཚོད་ལྟའི་རྣམ་གྲངས་སྤེལ་སྐབས་གཞོན་ནུའི་ཟུངས་ནུས་ཡག་ཉེས་ལ་ཕྱོགས་ཡོངས་ནས་རྟོག་ཞིབ་བྱས་ཏེ། གཞོན་ནུའི་གཟུགས་པོའི་ཆ་རྐྱེན་ལ་ཞིབ་དཔྱད་བྱས་པ་མ་ཟད། རྗེས་མཐུད་ཁོང་ཚོ་དམག་སྒར་དུ་འཚོ་བ་སྐྱེལ་བར་རྨང་གཞི་བརྟན་པོ་ཞིག་དེ་བས་ཀྱང་བཏིང་བ་རེད། དེ་རྗེས་དམག་བསྡུ་གཞུང་ལས་ཁང་གིས་སྔོན་གཏན་འཁེལ་བའི་དམག་མི་གསར་པ་སྒྲིག་འཛུགས་བྱས་ཏེ་ཐན་ཀོན་སན་དྲན་གསོ་ཁང་དུ་ལྟ་སྐོར་ལ་ཁྲིད་པ་རེད། གསལ་འགྲེལ་བའི་ཁྲིད་སྟོན་འོག་ཁོང་ཚོས་སྔོན་གཤེགས་དཔའ་བོ་ཚོའི་ངོ་མཚར་ཆེ་བའི་གཏམ་རྒྱུད་ནན་ཏན་ཉན་པ་དང་། རྩ་ཆེའི་དངོས་པོ་དང་སྐྱ་བོར་གྱུར་པའི་པར་རིས་ལ་ལྟ་སྐོར་བྱས་པས་ཁོང་ཚོའི་རྒྱལ་གཅེས་ཀྱི་བསམ་པ་དང་རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་འདུན་པ་སྔར་བས་ཆེ་རུ་སོང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།