དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ངམ་རིང་རྫོང་མང་ཚོགས་ཚོགས་པའི་ལས་དོན་པུའུ་དང་ཁྲིམས་འཛིན་ཅུས་ཀྱིས།

    བུད་མེད་དང་བྱིས་པའི་ཁེ་དབང་སྲུང་སྐྱོང་གི་ཁྲིམས་སྐྱོང་དྲིལ་བསྒྲགས་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-10-15

    ཉེ་ཆར། གཞིས་རྩེ་གྲོང་ཁྱེར་ངམ་རིང་རྫོང་མང་ཚོགས་ཚོགས་པའི་ལས་དོན་པུའུ་དང་ཁྲིམས་འཛིན་ཅུས་ཀྱིས་མཉམ་དུ་བུད་མེད་དང་བྱིས་པའི་ཁེ་དབང་སྲུང་སྐྱོང་ཁྲིམས་སྐྱོང་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་དང་ཕ་མ་ཡ་ཆགས་ལ་འཚམས་འདྲི་བྱས་པ་རེད།

    བྱེད་སྒོ་སྤེལ་ཡུལ་དུ་ལས་དོན་མི་སྣས་བློ་འདྲིའི་ལས་སྟེགས་བཙུགས་ནས་དྲིལ་བསྒྲགས་དཔྱད་ཡིག་སྤྲོད་པ་སོགས་ཀྱི་བྱ་ཐབས་ཀྱི་ཐོག་ནས་རྒྱ་ཆེའི་བུད་མེད་དང་བྱིས་པར་བཅའ་ཁྲིམས་ཤེས་བྱ་ཁྱབ་གདལ་བཏང་ཞིང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བུད་མེད་ཀྱི་ཁེ་དབང་འགན་སྲུང་བཅའ་ཁྲིམས》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ན་སོ་དར་ལ་མ་བབས་པའི་མིའི་སྲུང་སྐྱོང་བཅའ་ཁྲིམས》སོགས་ཀྱི་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གཙོ་གནད་ཐོག་དྲིལ་བསྒྲགས་བྱས་པ་རེད། དེ་དང་ཆབས་ཅིག་ཆེད་ལས་ཁྲིམས་རྩོད་པ་ས་གནས་ས་ཐོག་ཏུ་དོགས་གནད་སེལ་བར་གདན་དྲངས་ཏེ་བློ་འདྲི་བྱེད་པར་ཡོང་མཁན་མང་ཚོགས་ལ་ཞིབ་ཅིང་ཕྲ་བའི་བཅའ་ཁྲིམས་ཀྱི་གྲོས་འགོ་བཏོན་ནས་བུད་མེད་དང་བྱིས་པའི་བཅའ་ཁྲིམས་ཀྱི་འདུ་ཤེས་ཟབ་ཏུ་དང་ཁྲིམས་ལྟར་ཁེ་དབང་སྲུང་སྐྱོང་བྱེད་ནུས་ཆེ་རུ་བཏང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།