དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • གོ་འཇོ་རྫོང་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཀྱིས།

    འགྲིམ་འགྲུལ་སྐྱེལ་འདྲེན་ལས་རིཌ་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་དང་བཅོས་སྒྲིག་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-10-15

    ཉེ་ཆར། གོ་འཇོ་རྫོང་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཀྱིས་ཁོངས་གཏོགས་ཁུལ་གྱི་འགྲོ་ལམ་སྐྱེལ་འདྲེན་ཁེ་ལས་དང་འཕྲུལ་སྒུལ་འཁོར་རིགས་ཉམས་བཟོའི་ཁེ་ལས་སུ་མངོན་མེད་རྐྱེན་ངན་གྲལ་བཤེར་དང་བཅོས་སྒྲིག་ལས་དོན་སྤེལ་བ་རེད།

    ད་ཐེངས་ཀྱི་གྲལ་བཤེར་དང་བཅོས་སྒྲིག་ལས་དོན་སྤེལ་རིང་། ལས་དོན་པས་འགྲོ་ལམ་སྐྱེལ་འདྲེན་ཁེ་ལས་ཀྱི་གཉེར་སྐྱོང་ཆོག་འཐུས་ལག་ཁྱེར་དང་། ཁ་ལོ་བའི་ཡིག་ཚགས། རླངས་འཁོར་གྱི་བདེ་འཇགས་སོགས་ལ་ཞིབ་བཤེར་ནན་པོ་བྱས་པ་དང་ཁེ་ལས་ཀྱི་བདེ་འཇགས་བྱེད་པོའི་འགན་འཁྲི་དོན་འཁྱོལ་ནན་པོ་བྱེད་པ་དང་། དུས་དང་རྣམ་པ་ཀུན་ཏུ་བདེ་འཇགས་ཀྱི་འདུ་ཤེས་བློ་ལ་བརྟན་པོར་ངེས་པ། མངོན་མེད་རྐྱེན་ངན་འཚོལ་མཁས་པ་དང་སེལ་ཤེས་པ། སྐྱེལ་འདྲེན་རླངས་འཁོར་ལ་འགྲིམ་འགྲུལ་ལས་འཛོལ་མི་ཐོན་པ་བཅས་བྱེད་དགོས་པའི་སྐུལ་འདེད་བཏང་བ་རེད།

    ད་ཐེངས་འགྲོ་ལམ་སྐྱེལ་འདྲེན་ཁེ་ལས་4དང་འཕྲུལ་སྒུལ་འཁོར་རིགས་ཉམས་བཟོ་ཁེ་ལས་6ལ་གྲལ་བཤེར་བྱས་ཤིང་། ཞིབ་བཤེར་བྱེད་སྐབས་ཤེས་རྟོགས་བྱུང་བའི་གནད་དོན་ཐད། ས་ཡུལ་དངོས་སུ་དག་ཐེར་བྱེད་ཐུབ་རིགས་རང་སར་དག་ཐེར་བྱེད་དགོས་པའི་བཀའ་བཏང་བ་དང་ས་ཡུལ་དངོས་སུ་དུས་ཐོག་དག་ཐེར་བྱེད་མི་ཐུབ་པའི་རིགས་འབྲེལ་ཡོད་འགན་འཁུར་བར་དུས་བཀག་ནང་དག་ཐེར་བྱེད་དགོས་པའི་བཀའ་བཏང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།