དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ལྷ་སའི་རྒྱལ་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཀྱི་ཉེན་རྟོག་པས་བོད་སྐྱོར་བྱས་ནས་ལོ་30འཁོར་བའི་གྲུབ་འབྲས་འགྲེམས་སྟོན་ལ་ལྟ་སྐོར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-10-15

    འདི་ནི་མི་དམངས་ཉེན་རྟོག་པས་གྲུབ་འབྲས་འགྲེམས་སྟོན་ལ་ལྟ་སྐོར་བྱེད་བཞིན་པ།

    ཉེ་ཆར། ལྷ་སའི་རྒྱལ་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཀྱིས་ཏང་ཡོན་མི་དམངས་ཉེན་རྟོག་པ་སྒྲིག་འཛུགས་བྱས་ཏེ་རང་སྐྱོང་ལྗོངས་འགྲེམས་ཚོགས་ལྟེ་གནས་སུ་རྒྱལ་ཡོངས་ཀྱིས་བོད་ལ་རོགས་སྐྱོར་བྱས་ནས་ལོ་30འཁོར་བའི་གྲུབ་འབྲས་འགྲེམས་སྟོན་ལ་ལྟ་སྐོར་བྱས་པ་རེད།

    འགྲེམས་སྟོན་གྱི་ས་གནས་ས་ཐོག་ཏུ་ལྟ་སྦྱོང་དང་འགྲེལ་བཤད་ཉན་པའི་བྱེད་ཐབས་ནས་མི་དམངས་ཉེན་རྟོག་པ་ཚོས་གྲུབ་འབྲས་འགྲེམས་ཁུལ་གྱི་འགོ་ཚུགས་ཁང་དང་། ཀྲུང་དབྱང་གི་ཐུགས་ཁུར། བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་ཀྱི་སྐོར། “ཚོགས་སྒྲིག་རྣམ་པའི”བོད་སྐྱོར་གྱི་གསར་གཏོད་དང་ལག་ལེན་བཅས་ལ་ལྟ་སྐོར་བྱས་པ་རེད། ཚང་མས་གུས་བཀུར་དང་བརྩེ་བ་ཟབ་མོས་པར་དང་དངོས་པོ་རེ་རེ་དང་དེ་བཞིན་ལོ་ངོ་30ཡི་རིང་གི་ཁ་གཏད་བོད་སྐྱོར་ལས་དོན་ལ་ཐོབ་པའི་གྲུབ་འབྲས་ལ་ཞིབ་ཕྲ་བལྟས་པ་མ་ཟད། བོད་སྐྱོར་ལས་བྱེད་པ་ཚོས་མི་རབས་ནས་མི་རབས་བར“ལམ་གཉིས”ཀྱི་སྙིང་སྟོབས་དང་བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་ལ་བརྟེན་ནས་བོད་ཀྱི་འཛུགས་སྐྲུན་བྱ་གཞག་ནང་ཞུགས་པའི་བྱས་རྗེས་སློབ་སྦྱོང་བྱས་པ་རེད།

    དུས་རབས་གསར་པའི་ཉེན་རྟོག་པས། ངེས་པར་དུ་ལོ་རྒྱུས་ཀྱི་ལས་འགན་གསར་པ་ཕྲག་ཏུ་འཁུར་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་མཐའ་གཅིག་ཏུ་བརྟན་པོར་འཛུགས་པ་དང་། མུ་མཐུད་འབད་འཐབ་དང་འབུད་འབུངས་མདུན་སྐྱོད། བོད་ཀྱི་གནས་སྤོས་ཡུལ་མིའི་དོ་དམ་ལས་དོན་གྱི་དེང་རབས་ཅན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོཌ་རིང་ལུགས་དེང་རབས་ཅན་གྱི་བོད་གསར་བསྐྲུན་ཆེད་རང་ཉིད་ཀྱི་སྟོབས་ཤུགས་སྐྱེས་སུ་འབུལ་གྱི་ཡིན་ཞེས་གཅིག་མཇུག་གཉིས་མཐུད་ངང་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།