མཐའ་མཚམས་ཁུལ་དུ་འཁྲབ་སྟོན་བྱས། དམག་དམངས་བརྩེ་བ་ཟབ་མོ་མངོན།
གླུ་ལེན་གར་འཁྲབ་བྱེད་བཞིན་པ།
འཁྲབ་སྟོན་ལ་ལྟ་བཞིན་པ།
འབྲལ་མི་ཕོད་པའི་དམག་དམངས་ཀྱི་བརྩེ་བ་ཟབ་མོ།
ཉེ་ཆར། བོད་ལྗོངས་གཞིས་རྩེ་དམག་ཁུལ་ཡན་ལག་ཁང་ཇོ་མོ་གླང་མའི་རིག་རྩལ་ཧྲག་དམག་རུ་ཁག་གིས་གཞིས་རྩེ་གྲོང་ཁྱེར་གཏིང་སྐྱེས་རྫོང་རི་འོག་གྲོང་རྡལ་དུ་འཚམས་འདྲིའི་འཁྲབ་སྟོན་བྱས་ཏེ། བཅའ་སྡོད་བྱ་ཡུལ་གྱི་དཔོན་དམག་དང་གྲོང་མིར་ངོ་མཚར་ཆེ་བའི་སྒྱུ་རྩལ་གྱི་སྟོན་མོ་གཟབ་རྒྱས་བཤམས་པ་རེད།
ཇོ་མོ་གླང་མའི་རིག་རྩལ་ཧྲག་དམག་རུ་ཁག་གི་རུ་མི་ཚོས་འཁྲབ་ཚན་13གྲ་སྒྲིག་ཞིབ་ཚགས་བྱས་པ་མ་ཟད་ཡང་སྐོར་བསྐྱར་སྐོར་གྱིས་སྔོན་སྦྱོང་དང་རྒྱུན་ཆད་མེད་པར་ལེགས་སུ་བཏང་ནས་བཅའ་སྡོད་བྱ་ཡུལ་གྱི་མི་སེར་ལ་སྤྲོ་སྣང་སྦྱིན་ཡོད།