ལྷ་རྩེ་རྫོང་སྤྱི་བདེ་ཅུས་ཀྱིས་འཁོར་རིགས་ལ་3Cཁས་ལེན་དཔང་འདོན་འོད་འཕྲོའི་འགྱིག་སྦྱར་ནས་འགྲིམ་འགྲུལ་ལས་འཛོལ་སྔོན་འགོག་བྱེད་པ།
མི་དམངས་ཉེན་རྟོག་པས་རྐང་འཁོར་འཁོར་གསུམ་མར་འོད་འཕྲོའི་འགྱིག་སྦྱོར་བཞིན་པ།
སྟོན་བསྡུའི་སྐབས་སུ་ཞིང་ནང་དང་མུ་ཁར་བྲེལ་འཚུབ་ཀྱི་རྣམ་པས་ཁེངས་ཤིང་། བགྲོད་ལམ་ཐོག་གློག་སྒུལ་འཁོར་རིགས་དང་། སྦག་སྦག ཞིང་སྤྱོད་འཁོར་རིགས་སོགས་ཧ་ཅང་མང་དུ་ཕྱིན་ཡོད། ཉེ་ཆར་གནས་ཚུལ་དེར་དམིགས་ནས། ལྷ་རྩེ་རྫོང་སྤྱི་བདེ་ཅུས་ཏང་ཨུད་ཀྱིས་ཚད་མཐོའི་མཐོང་ཆེན་བྱས་ཐོག་མ་དངུལ་སྒོར་ཁྲི་6ལྷག་ཙམ་སྤྱད་དེ་སྤུས་ཚད་མཐོ་བའི་3Cཁས་ལེན་དཔང་འདོན་འོད་འཕྲོའི་འགྱིག་ཁག་གཅིག་ཉོས་པ་དེ་དག་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱིས་ཤང་དང་གྲོང་རྡལ་གྱི་མངགས་གཏོང་ཁང་དང་མཉམ་དུ་འཕྲལ་མར་འཁོར་རིགས་ལ་སྦྱར་ནས་མཚན་མོར་མཐོང་བདེ་པོ་བཟོས་ཏེ་འགྲིམ་འགྲུལ་ལས་འཛོལ་ཐོན་ཉུང་དུ་བཏང་བ་རེད།
བསྡོམས་རྩིས་བྱས་པར་གཞིགས་ན། ཐེངས་འདིར་ཁྱོན་ཉེན་རྟོག་པ་མི་ཐེངས་260དང་ཉེན་རྟོག་པའི་རླངས་འཁོར་ཐེངས་116བཏང་ནས་གློག་སྒུལ་འཁོར་རིགས་དང་། སྦག་སྦག ཞིང་སྤྱོད་འཁོར་རིགས་སོགས་7900ལྷག་ཙམ་ལ་རིན་མེད་ངང་འོད་འཕྲོའི་འགྱིག་སྦྱར་ཡོད་པ་རེད།
ཐེངས་འདིའི་བྱ་སྤྱོད་སྤེལ་བར་ཁོངས་གཏོགས་མང་ཚོགས་ཀྱི་གདེང་འཇོག་བཟང་པོ་ཐོབ་ཡོད་པ་རེད། གྲོང་མི་མང་པོ་ཞིག་གིས། ཐེངས་འདིའི་བྱེད་སྒོ་བརྒྱུད་འགྲིམ་འགྲུལ་བདེ་འཇགས་ཀྱི་གལ་ཆེའི་རང་བཞིན་ལ་ངོས་འཛིན་དེ་བས་གཏིང་ཟབ་བྱུང་སོང་། སླད་ཕྱིན་དུས་དང་རྣམ་པ་ཀུན་ཏུ་རང་ཉིད་ནས་འགོ་བརྩམས་ཏེ་ཐུན་མོང་ཐོག་བདེ་འཇགས་དང་ཞི་མཐུན་གྱི་འགྲོ་ལམ་འགྲིམ་འགྲུལ་གྱི་ཁོར་ཡུག་བསྐྲུན་གྱི་ཡིན་ཞེས་བཤད།