དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ལྗོངས་ཞིང་འབྲོག་ཚན་རིག་ཁང་འབྲོག་ལས་སུའོ་ཡིས་གཏིང་སྐྱེས་རྫོང་དུ་སྲིད་ཇུས་སྒྲོག་འགྲེལ་དང་ཚན་རྩལ་གྱི་ཞབས་འདེགས་ཞུས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-10-08

    ཉེ་ཆར་ལྗོངས་ཞིང་འབྲོག་ཚན་རིག་ཁང་འབྲོག་ལས་སུའོ་ཡི་རིགས་གཅིག་མཁས་ཅན་མི་8དང་བཅས་པ་གཞིས་རྩེ་གྲོང་ཁྱེར་གཏིང་སྐྱེས་རྫོང་དུ་བསྐྱོད་དེ“ཏང་གི་སྲིད་ཇུས་སྒྲོག་འགྲེལ་དང་སྒོ་ཕྱུགས་དང་ཁྱིམ་བྱ་གསོ་ཚགས་བྱེད་པའི་ཚན་རྩལ་གསོ་སྦྱོང”གི་བྱེད་སྒོ་སྤེལ་ཞིང་། གཏིང་སྐྱེས་རྫོང་གི་གཞི་རིམ་གྱི་ཚན་རྩལ་མི་སྣ་དང་། གྲོང་གསེབ་ཀྱི་ཆེད་བསྐོས་ལས་བྱེད་པ། གྲོང་གསེབ་ཀྱི་ཕྱུགས་རིགས་སྨན་པ་བཅས་མི་65ཞུགས་ཡོད་པ་རེད།

    ད་རེས་ཀྱི་གསོ་སྦྱོང་དེ་འབྲི་གཡག་རྒྱུད་སྤེལ་དང་གསོ་ཚགས་གཡོག་བྱེད་དང་། བཞོན་མ་གསོ་ཚགས། ཡུལ་ལུག་གི་རྒྱུད་པ་ལེགས་སུ་གཏོང་བ། འཚོ་བཅུད་སྙོམས་སྒྲིག ནད་ཡམས་སྔོན་འགོག་ཚོད་འཛིན་སོགས་ལག་རྩལ་དང་ནང་དོན་ལ་དམིགས་ནས་རིགས་གཅིག་མཁས་ཅན་ཚོས་སྒོ་ཕྱུགས་དང་ཁྱིམ་བྱ་གསོ་ཚགས་ཀྱི་ཤེས་བྱ་གོ་བདེ་ཤེས་སླའི་སྒོ་ནས་ཁྱབ་གདལ་གང་ལེགས་བཏང་བ་དང་ལག་རྩལ་གྱི་ལག་དེབ་ཁྱོན་བསྡོམས་600ལྷག་ཙམ་སྤྲད་ཡོད། སྤེལ་རེས་བྱེད་སྐབས་སློབ་གཉེར་བ་ཚོས་འབྲོག་ལས་ཐོན་སྐྱེད་ཐད་ཀྱི་དོགས་གཞི་དང་ལག་རྩལ་གྱི་དཀའ་གནད་སྐད་ཆ་དྲིས་པར་དབྱེ་ཞིབ་བྱས་ནས་ལན་གསལ་པོ་བརྒྱབ་ཡོད། གསོ་སྦྱོང་མཇུག་འགྲིལ་རྗེས་ད་དུང་སྒོར་ཁྲི་8རི་བའི་ནོར་ལུག་གི་གཟན་ཆག་དང་རྒྱུན་མཁོའི་ཕྱུགས་སྨན་སོགས་སྤྲད་པ་རེད།

    ལྗོངས་ཞིང་འབྲོག་ཚན་རིག་ཁང་འབྲོག་ལས་སུའོ་ཡི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིཌ་ན། ད་རེས་བྱེད་སྒོ་གཉེར་བ་དེས་གཏིང་སྐྱེས་རྫོང་གི་གཞི་རིམ་ཚན་རྩལ་མི་སྣ་དང་། གྲོང་གསེབ་ཀྱི་ཆེད་བསྐོས་ལས་བྱེད་པ། གྲོང་གསེབ་ཀྱི་ཕྱུགས་རིགས་སྨན་པ་བཅས་ཀྱིས་འབྲོག་ལས་དང་ཕྱུགས་རིགས་སྨན་བཅོས་ལག་རྩལ་ལ་ངོས་འཛིན་ཟབ་ཏུ་ཕྱིན་ཏེ་ལག་རྩལ་གསར་པ་སྦྱོང་སྤྱོད་ཀྱི་ཁོང་ཚོའི་སེམས་ཤུགས་འཕེལ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།