དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • གཞིས་རྩེ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་གྲོང་ཁྱེར་སློབ་གསོ་ཅུས་དང་མཉམ་དུ་ཁྲིམས་ལུགས་ཁྱབ་གདལ་གྱི་དཔེ་སྟོན་གསོ་སྦྱོང་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-10-08

    ཉེ་ཆར། གཞིས་རྩེ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་དང་གྲོང་ཁྱེར་སློབ་གསོ་ཅུས་མཉམ་དུ་གཞིས་རྩེ་གྲོང་ཁྱེར་ཧྲང་ཧའེ་ཚོད་ལྟའི་སློབ་གྲྭར་བསྐྱོད་དེ་ཁྲིམས་སྐྱོང་སློབ་སྤྱི་གཞོན་པའི་ཁྲིམས་ལུགས་ཁྱབ་གདལ་གྱི་དཔེ་སྟོན་གསོ་སྦྱོང་བྱེད་སྒོ་སྤེལ་བ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཁྲིམས་སྐྱོང་གི་སློབ་སྤྱི་གཞོན་པའི་ལས་དོན་ནི་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་དང་། ཁྲིམས་ཁང་སློབ་གྲྭ་བཅོས་སྐྱོང་ནང་ཞུགས་པ་དང་རྒྱབ་སྐྱོར་བྱེད་པ་དང་གཞོན་ནུ་ལོ་ཆུང་བདེ་ཐང་ངང་འཚར་ལོངས་ཡོང་བར་གཡས་གཞོགས་གཡོན་འདེགས་བྱེད་པའི་གཞི་རྟེན་གལ་ཆེན་ཞིག་རེད།

    2021ལོ་ནས་བཟུང་། གཞིས་རྩེ་གྲོང་ཁྱེར་གྱི་ཁྲིམས་ཁང་ཡོངས་ཀྱིས་ཁྲིམས་སྐྱོང་སློབ་སྤྱི་གཞོན་པའི་ལམ་ལུགས་ཡོངས་ཁྱབ་ངང་བཙུགས་ནས། ལས་འགན་གཅིག་ལྕོགས་ཀྱི་ཁྲིམས་དཔོན་ལེགས་སྒྲིག་དང་ལེགས་སུ་རྒྱུན་ཆད་མེད་པར་བཏང་བ་དང་ཁྲིམས་སྐྱོང་གི་སློབ་སྤྱི་གཞོན་པའི་ལས་དོན་དོན་འཁྱོལ་བྱེད་ཤུགས་ཆེ་རུ་བཏང་སྟེ། སློབ་གྲྭ་འབྲིང་ཆུང་དུ་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོ་གཏོང་བ་དང་། སློབ་གྲྭའི་བདེ་འཇགས་བཅོས་སྐྱོང་ནང་ཞུགས་པ། གཞོན་ནུ་ལོ་ཆུང་གིས་སྒྲིག་བཀུར་ཁྲིམས་སྲུང་བྱེད་པ་བཅས་ཀྱི་ཐད་དགེ་མཚན་ལྡན་པའི་ནུས་པ་བཏོན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།