དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ནག་ཆུ་གྲོང་ཁྱེར་གྱིས་སློབ་གྲྭར་རྒྱལ་སྲུང་སློབ་གསོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-10-08

    རྒྱལ་སྲུང་སློབ་གསོ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་གཞོན་ནུ་ལོ་ཆུང་གི་རྒྱལ་སྲུང་གི་འདུ་ཤེས་དང་སེམས་ཁྲལ་གྱི་འདུ་ཤེས་སྔར་བས་ཟབ་ཏུ་བཏང་སྟེ། རྒྱལ་སྲུང་ལ་སེམས་ཁུར་དང་། རྒྱལ་སྲུང་ལ་དགའ་ཞེན། རྒྱལ་སྲུང་འཛུགས་སྐྲུན། རྒྱལ་སྲུང་སྲུང་སྐྱོང་བཅས་སྤྱི་ཚོགས་ཡོངས་ཀྱི་ཐུན་མོང་གི་ངོས་འཛིན་དང་རང་རྟོགས་ཀྱི་བྱ་སྤྱོད་ཅིག་ཏུ་འགྱུར་བར་བྱེད་ཆེད། ཉེ་ཆར་ནག་ཆུ་གྲོང་ཨུད་དྲིལ་བསྒྲགས་པུས་གསེར་རྙེད་ཆུས་ཨུད་དྲིལ་བསྒྲགས་པུའུ་དང་མཉམ་དུ་གསེར་གཞོང་ཤང་སློབ་ཆུང་དུ་བསྐྱོད་དེ“ཁྲིམས་ལྟར་རྒྱལ་སྲུང་སློབ་གསོ་སྤེལ། རྒྱལ་སྲུང་བྱང་ཚད་མཐོ་རུ་གཏོང”ཞེས་པའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།

    བྱེད་སྒོ་སྤེལ་རིང་སྒྲོག་འགྲེལ་པ་ནོར་བཀྲས་སློབ་མ་ཚོར་གསོན་ཉམས་དོད་ལ་སློབ་གསོའི་དོན་སྙིང་ཡང་ལྡན་པའི་རྒྱལ་སྲུང་སློབ་གསོའི་སློབ་ཚན་ཁྲིད་དེ། སློབ་མ་ཚོར་རྒྱལ་སྲུང་བྱ་གཞག་གི་དོན་སྙིང་གལ་ཆེན་དང་། རྒྱལ་སྲུང་སྲིད་ཇུས། མིག་སྔའི་རྒྱལ་སྤྱིའི་དུས་བབ་བཅས་འགྲེལ་བཤད་གོ་བདེ་ཤེས་སླ་བརྒྱབ་ནས། སློབ་མ་ཚོར་ཆུང་བྱིས་པའི་དུས་ནས་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་དྲན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་དད་སེམས་བརྟན་པོ་འཛུགས་རྒྱུ་དང་ཡང་དག་པའི་རྒྱལ་སྲུང་འདུ་ཤེས་དང་རྒྱལ་གཅེས་ཀྱི་བརྩེ་སེམས་ཟབ་ཏུ་གཏོང་རྒྱུར་ཁྲིད་སྟོན་ཡང་བྱས་པ་རེད།

    ད་རེས་ཀྱི་བྱེད་སྒོ་སྤེལ་རིང་དྲིལ་བསྒྲགས་དངོས་རྫས་ཁྱོན་300ལྷག་ཙམ་སྤྲད་པ་དང་། སློབ་གསོ་ཐོབ་པའི་མི་གྲངས་500ལྷག་ཙམ་ཟིན་པ། དམངས་ཡོངས་ཀྱི་རྒྱལ་སྲུང་སློབ་གསོ་གཏིང་ཟབ་དང་ཏན་ཏིག་ཕྱོགས་སུ་སྤེལ་རྒྱུར་སྐུལ་འདེད་བཏང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།