དབུ་ཤོག>ཁྲིམས་ལུགས།>བརྟན་ལྷིང་གསེར་ཕུབ།
  • དམག་སྒར་དུ་རིག་གནས་འཁྲབ་སྟོན་དང་སྨན་བཅོས་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-10-08

    འདི་ནི་དཔོན་དམག་ཚོས་འཁྲབ་སྟོན་ལ་ལྟ་བཞིན་པ།

    འདི་ནི་འཚམས་འདྲིའི་འཁྲབ་སྟོན་བྱེད་བཞིན་པ།

    འདི་ནི་དཔོན་དམག་ལ་ནད་གཞི་ལྟ་བ་དང་སྨན་སྤྲོད་བཞིན་པ།

    ཉེ་ཆར། ཆབ་མདོ་གྲོང་ཁྱེར་གཉིས་བཀུར་གཞུང་ལས་ཁང་དང་ཆབ་མདོ་གྲོང་ཁྱེར་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ཅུས་ཀྱིས་མཉམ་དུ་ཆབ་མདོ་ཡན་ལག་དམག་ཁུལ་ཁང་དུ་བཅའ་སྡོད་སྦྱོར་བརྡར་དཔུང་སྡེ་ཞིག་ཏུ“མཐའ་སྲུང་དཔོན་དམག་ལ་བརྩེ་སེམས་འཆང་བ་དང་དམག་སྒར་དུ་རིག་གནས་འཁྲབ་སྟོན་དང་སྨན་བཅོས”ཀྱི་བྱེད་སྒོ་སྤེལ་ནས། བཅའ་སྡོད་སྦྱོང་བརྡར་དཔོན་དམག་ལ་ལྟད་མོ་ཆེ་བའི་འཚམས་འདྲིའི་འཁྲབ་སྟོན་བྱས་པ་དང་སེམས་རྩ་འཁོལ་བའི་སྐོར་སྐྱོད་སྨན་བཅོས་ཀྱི་ཞབས་འདེགས་ཞུས་ཏེ། བློ་སེམས་གཅིག་མཐུན་གྱིས་དམག་དཔུང་སྟོབས་ཆེར་གཏོང་བའི་ཕུགས་འདུན་མཉམ་དུ་སྒྲུབ་པ་དང་ལག་གདང་སྦྲེལ་ནས་དམག་བཀུར་བརྩེ་སེམས་ཟབ་ཏུ་བཏང་བ་རེད།

    འཁྲབ་སྟོན་མཇུག་འགྲིལ་རྗེས། ཆབ་མདོ་གྲོང་ཁྱེར་གཉིས་བཀུར་གཞུང་ལས་ཁང་དང་ཆབ་མདོ་གྲོང་ཁྱེར་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ཅུས་ཀྱིས་སྒྲིག་འཛུགས་བྱས་པའི་སྨན་བཅོས་རུ་མིས་དཔོན་དམག་50ལྷག་ཙམ་ལ་རིན་མི་དགོས་པར་སྨན་བཅོས་བྱས་པ་དང་འབྲེལ་སྨན་སྦྱིན་བཏང་བར་དཔོན་དམག་ཚོའི་གདེང་འཇོག་བཟང་པོ་ཐོབ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།