བོད་ལྗོངས་ནགས་ཚལ་མེ་ཟོན་སྤྱི་ཁྱབ་རུ་ཁག་གི་གསར་དུ་བསྡུས་པའི་མེ་ཟོན་རུ་མི་74ཡིས་འབྱོར་ཐོ་བཀོད་པ།
འདི་ནི་རུ་མི་གསར་པར་སེམས་ཁུར་གཅེས་སྐྱོང་བྱེད་བཞིན་པ།
འདི་ནི་རུ་མི་གསར་པར་སེམས་ཁུར་གཅེས་སྐྱོང་བྱེད་བཞིན་པ།
དུས་རབས་གསར་པར་བྱས་རྗེས་འཇོག མེ་ཟོན་རུ་མིའི་ཕུགས་འདུན་འགྲུབ། ཉིན་ཤས་གོང་། བོད་ལྗོངས་ནགས་ཚལ་མེ་ཟོན་སྤྱི་ཁྱབ་རུ་ཁག་གིས་གསར་དུ་བསྡུས་པའི་མེ་ཟོན་རུ་མི་74ལྷ་ས་དང་། ཉིང་ཁྲི། ཆབ་མདོ། གཞིས་རྩེ། ནག་ཆུ། ལྷོ་ཁ་བཅས་གྲོང་ཁྱེར་དང་ས་ཁུལ་6ནས་ཕ་མ་སྤུན་མཆེད་ཀྱི་སྨོན་འདུན་དང་འབྱུང་འགྱུར་འཚོ་བར་ཕུགས་རེ་བཟང་པོ་འཆང་བཞིན་གསོ་སྦྱོང་དམག་སྒར་དུ་འབྱོར་བ་དང་། གསོ་སྦྱོང་རུ་ཆེན་གྱི་རྐང་འཛིན་ལས་བྱེད་པ་ཡོངས་ཀྱིས་དགའ་བསུའི་མཛད་སྒོ་གཟབ་རྒྱས་འཚོགས་ནས་མེ་ཟོན་རུ་མི་གསར་པ་སླེབས་པར་སྤྲོ་སེམས་འཁོལ་པོས་དགའ་བསུ་ཞུས་པ་རེད།