གསེར་མདོག་ཞིང་ཁར་སྙེ་མའི་རྦ་རླབས་འཕྱུར། ཞིང་པའི་སྙིང་ཉེ་སྟོན་བསྡུའི་ལས་ལ་བྲེལ།
ཁ་རུབ་ཆུས་སྤྱི་བདེ་ཅུས་ཀྱི་མི་དམངས་ཉེན་རྟོག་པ་དང་ལས་རོགས་ཉེན་རྟོག་པས་ཁོངས་གཏོགས་ཁུལ་གྱི་མང་ཚོགས་ལ་བཙས་མ་བརྔ་རོགས་བྱས་པ།
ཁ་རུབ་ཆུས་སྤྱི་བདེ་ཅུས་ཀྱི་ཏང་ཡོན་མི་དམངས་ཉེན་རྟོག་པ་དང་ལས་རོགས་ཉེན་རྟོག་པས་ཞིང་ནང་དུ་མང་ཚོགས་ལ་བཙས་མ་བརྔ་རོགས་བྱེད་བཞིན་པ།
ཁ་རུབ་ཆུས་སྤྱི་བདེ་ཅུས་ཀྱི་ཏང་ཡོན་མི་དམངས་ཉེན་རྟོག་པ་དང་ལས་རོགས་ཉེན་རྟོག་པས་ཞིང་ནང་དུ་མང་ཚོགས་ལ་བཙས་མ་བརྔ་རོགས་བྱེད་བཞིན་པ།
ཁ་རུབ་ཆུས་སྤྱི་བདེ་ཅུས་ཀྱི་ཏང་ཡོན་མི་དམངས་ཉེན་རྟོག་པ་དང་ལས་རོགས་ཉེན་རྟོག་པས་ཞིང་ནང་དུ་མང་ཚོགས་ལ་བཙས་མ་བརྔ་རོགས་བྱེད་བཞིན་པ།
ཉེ་ཆར། ཏང་དར་གྱི་སྣེ་ཁྲིད་འོག་ཁ་རུབ་ཆུས་སྤྱི་བདེ་ཅུས་ཀྱི་ཏང་ཡོན་མི་དམངས་ཉེན་རྟོག་པ་དང་ལས་རོགས་ཉེན་རྟོག་པས་ཞིང་ནང་དུ་བསྐྱོད་དེ་ཁོངས་གཏོགས་ཁུལ་གྱི་མང་ཚོགས་ལ་བཙས་མ་བརྔ་རོགས་བྱས་པས། ཡངས་ཤིང་རྒྱ་ཆེ་བའི་ཆབ་མདོའི་ས་ཕྱོགས་གང་སར་ཉེན་རྟོག་པ་དང་མང་ཚོགས་འཆམ་མཐུན་དང་མཐུན་སྒྲིལ་བརྟན་ལྷིང་གི་རྣམ་པས་ཁེངས་ཡོད།
“ཞིང་ཁ་རྒྱ་ཆེ་བ་དང་རོགས་པ་མང་པོ་མེད་པས་བཙས་མ་བརྔ་རོགས་བྱེད་མཁན་མེད་པའི་སེམས་ཁྲལ་འདུག”ཅེས་མི་དམངས་ཉེན་རྟོག་པ་དང་ལས་རོགས་ཉེན་རྟོག་པ་དུད་ཚང་དུ་བཅར་འདྲིར་སྐྱོད་སྐབས་གཤོ་རྔུལ་མདའ་གྲོང་ཚོའི་གྲོང་མིས་བཤད།
“སེམས་ཁྲལ་བྱེད་མི་དགོས། ང་ཚོས་རོགས་པ་བྱས་ཆོག”ཅེས་ཟླ་9ཚེས་18ཉིན་གྱི་སྔ་དྲོའི་ཆུ་ཚོད་9པར། ཉི་མ་ཤར་མ་ཐག་ཁ་རུབ་ཆུས་སྤྱི་བདེ་ཅུས་ཀྱི་ཏང་ཡོན་མི་དམངས་ཉེན་རྟོག་པ་དང་ལས་རོགས་ཉེན་རྟོག་པས་ལག་ཤུབས་གྱོན་པ་དང་། ཟོར་བ་འཁྱེར་བ། ལམ་རྒྱགས་དང་ཆུ་ཁྱེར་ནས་གཤོ་རྔུལ་མདའ་གྲོང་ཚོའི་ཞིང་ནང་དུ་བཙས་མ་བརྔ་བར་བསྐྱོད།
ཉེན་རྟོག་པ་ཚོས་རྔུལ་ཆུ་ཁྲུམ་ཁྲུམ་ངང་བཙས་མ་བརྔ་བ་དང་། ཆག་པ་རྒྱག་པ། འདྲེན་ཁ་གཏོང་བ་སོགས་ཀྱི་ལས་ལ་གཞོལ། མི་དམངས་ཉེན་རྟོག་པ་དང་ལས་རོགས་ཉེན་རྟོག་པའི་ལུས་པོ་རྔུལ་ཆུས་འཚོས་པ་དང་ཚ་གདུག་ཆེ་ཡང་ད་དུང་བཙས་མ་བརྔ་བ་མཐོང་སྐབས་གྲོང་མི་ཚོར་སེམས་འགུལ་ཚད་མེད་ཐེབས་ནས། ཁོང་ཚོའི་སྐོམ་པ་སེལ་ཆེད་གཏེར་ཆུ་གྲང་མོ་ཡང་སྤྲད།
“ཁྱེད་ཚོར་ཐུགས་རྗེ་ཆེ་ཞུ་གི་ཡིན། གལ་ཏེ་ཁྱེད་ཚོ་མེད་ཚེ་བཙས་མ་བརྔ་རོགས་བྱེད་མཁན་མེད། ངས་ཁྱེད་ཚོ་དང་མཉམ་དུ་དྲན་རྟེན་པར་ཞིག་བརྒྱབ་ན་འགྲིག་གམ”ཞེས་གྲོང་མི་ཚོས་མི་དམངས་ཉེན་རྟོག་པ་དང་ལས་རོགས་ཉེན་རྟོག་པའི་ལག་ནས་དམ་པོར་བཟུང་སྟེ་ཐུགས་རྗེ་ཆེ་ཡང་ཡང་ཞུས། མི་དམངས་ཉེན་རྟོག་པ་དང་ལས་རོགས་ཉེན་རྟོག་པ་ཚོས་གད་མོ་དགོད་བཞིན“ཨ་ཁུ་ལགས། འདི་ནི་ང་ཚོས་སྒྲུབ་འོས་པ་ཞིག་རེད། ཞིང་ནང་དུ་ཐ་མག་འཐེན་མི་རུང་། འབྲུ་རིགས་བཙོངས་རྗེས་ཀྱི་དངུལ་བདག་པོ་ཡག་པོ་བརྒྱབ་ནས་ཁ་བསླུས་མི་ཐེབས་པ་བྱེད་དགོས”ཞེས་ཞིང་ལས་ཚར་རྗེས་མི་དམངས་ཉེན་རྟོག་པ་དང་ལས་རོགས་ཉེན་རྟོག་པས་གྲོང་མི་ཚོར་བདེ་འཇགས་ཉེན་ཟོན་དང་། འགྲིམ་འགྲུལ་བདེ་འཇགས། མེ་སྐྱོན་སྔོན་འགོག གློག་འཕྲིན་ཁ་བསླུས་ལ་དོགས་ཟོན་སོགས་ཀྱི་ནང་དོན་དྲིལ་བསྒྲགས་བྱས་ཏེ་བདེ་འཇགས་ཉེན་ཟོན་ཤེས་བྱ་ཚང་མས་ཤེས་པ་དང་མི་སེམས་སུ་གཏིང་ཟབ་ཟུག་པར་བྱས་ཡོད།