བོད་ལྗོངས་མཐའ་མཚམས་ཞིབ་བཤེར་སྤྱི་ཁྱབ་ས་ཚིགས་ཀྱི་དངོས་འཐབ་དྲག་རྩལ་འགྲན་བསྡུར་ཆེ་མོ་སྐབས་གསུམ་པ་མཇུག་འགྲིལ་བ།
འདི་ནི་དྲག་རྩལ་འགྲན་བསྡུར་བྱེད་བཞིན་པ།
ཉེན་རྟོག་པ་ཡོངས་ཀྱི་དངོས་འཐབ་དམག་སྦྱོང་གི་ཕན་འབྲས་ལ་རྒྱུན་རྣམ་ཅན་དང་ཕྱོགས་ཡོངས་ནས་ཞིབ་བཤེར་བྱས་ཏེ། བོད་ལྗོངས་གནས་སྤོས་ཡུལ་མི་དོ་དམ་གྱི་འཐབ་ནུས་གསར་པ་ཞིག་ཆགས་པར་མགྱོགས་མྱུར་སྐུལ་འདེད་གཏོང་ཆེད། ཉེ་ཆར། བོད་ལྗོངས་མཐའ་མཚམས་ཞིབ་བཤེར་སྤྱི་ཁྱབ་ས་ཚིགས་ཀྱི་ཉེན་རྟོག་པ་ཡོངས་ཀྱི་དངོས་འཐབ་དྲག་རྩལ་འགྲན་བསྡུར་ཆེ་མོ་སྐབས་གསུམ་པ་རེས་སྐོར་སྦྱོང་བརྡར་རུ་ཆེན་དུ་ཛ་དྲག་ཅིང་གོ་རིམ་ལྡན་པའི་ངང་སྤེལ་བ་རེད།
སྤྱི་ཁྱབ་ས་ཚིཌ་ཀྱི་ལས་ཁུངས་དང་ས་ཚིགས་རིམ་པའི(ཐད་གཏོཌ་སྡེ་ཁག)ཚན་པ་11ནས་ཡོང་བའི་མི་དམངས་ཉེན་རྟོག་པ་150ལྷག་ཙམ་གྱིས་རྨང་གཞིའི་ལུས་སྟོབས་དང་། ཉེན་རྟོག་ལས་དོན་གྱི་རྩལ་ནུས་དང་འཐབ་རྩལ། འཛིན་བཟུང་གི་ཕྱོགས་བསྡུས་རྩལ་ནུས། འཁོར་རིགས་ཞིབ་བཤེར་དང་ལུས་ཐོག་དངོས་ཟོག་ཞིབ་བཤེར། ཚ་ཁ་ལྟ་བ། དྲག་འགོག་མེ་མདའ་སྤྱོད་སྟངས་སོགས་རྣམ་གྲངས་ཁག་9ལ་དམིཌ་ནས་མཉམ་དུ་རྩལ་ནུས་འགྲན་པ་དང་དྲག་རྩལ་འགྲན་བསྡུར་གྱི་དམག་སྦྱོང་བྱས་པ་རེད།