དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • དྲིལ་བསྒྲགས་སྐུལ་སློང་བྱས་པར་ཕན་འབྲས་ཐོན་པ།

    རྫ་ཡུལ་རྫོང་གི་མང་ཚོགས་ཀྱིས་རང་འགུལ་ངང་མེ་མདའ་གསུམ་གོང་འབུལ་ཞུས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-10-08

    རྒྱལ་ཡོངས་སྤྱི་བདེ་ལས་ཁུངས་ཀྱིས་དབྱར་དུས་ཀྱི་བདེ་འཇགས་བཅོས་སྐྱོང་དང་རྡུང་རྡེག་བཅོས་སྒྲིག་གི་བྱ་སྤྱོད་སྤེལ་ཚུན། ཉིང་ཁྲི་གྲོང་ཁྱེར་རྫ་ཡུལ་རྫོང་སྤྱི་བདེ་ཅུས་ཀྱིས་རྒྱུན་གཏན་ལྟར་དུད་ཚང་དུ་འདྲི་རྟོག་བྱེད་པ་དང་ཟུང་འབྲེལ་གྱིས། མེ་མདའ་དང་འབར་རྫས་ལྐོག་ཉར་བྱས་པ་ལས་སྤྱི་ཚོགས་བརྟན་ལྷིང་ལ་བཟོ་བའི་གནོད་འཚེ་དངོས་དང་ཁུར་དགོས་པའི་བཅའ་ཁྲིམས་ཀྱི་འགན་འཁྲི་སོགས་ཀྱི་ཁྲིམས་ལུགས་ཁྱབ་གདལ་དྲིལ་བསྒྲགས་བྱེད་ཤུགས་རྒྱུན་མཐུད་ཆེ་རུ་བཏང་བ་དང་། མང་ཚོགས་ལ་མེ་མདའ་དང་འབར་རྫས་དང་འབྲེལ་བ་ཡོད་པའི་ཁྲིམས་འགལ་ཉེས་གསོག་གི་ཁུངས་སྣེ་ཐེར་འདོན་ཧུར་ཐག་བྱེད་པ་དང་བཀག་སྡོམ་བྱེད་པའི་མེ་མདའ་དང་འབར་རྫས་རང་འགུལ་ངང་གོང་འབུལ་ཞུ་དགོས་པའི་སྐུལ་སློང་རྒྱ་ཁྱབ་བྱས་པ་རེད།

    ཉིན་ཤས་བསྟུད་མར། རྫ་ཡུལ་རྫོང་སྤྱི་བདེ་ཅུས་ལ་སྔ་རྗེས་སུ་ཁོངས་གཏོགས་ཁུལ་གྱི་མང་ཚོགས་ཀྱིས་རང་འགུལ་ངང་མེ་མདའ་གསུམ་གོང་འབུལ་ཞུས་པས་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་དུས་ཐོག་ཏུ་བསལ་བ་རེད། ཞིབ་དཔྱད་བྱས་པ་བརྒྱུད། མང་ཚོགས་ཀྱིས་གོང་འབུལ་ཞུས་པའི་མེ་མདའ་དེ་དག་ཚང་མ་ཕ་མེས་ནས་བཞག་པ་ཡིན་པ་དང་ནང་མིས་མཛོད་ཁང་བསྡུ་གསོག་རྒྱག་སྐབས་རྙེད་པ་ཞིག་ཡིན་ཞིང་། སྤྱི་བདེ་མངགས་གཏོང་ཁང་གིས་དུས་རྒྱུན་མེ་མདའ་དང་འབར་རྫས་བསྡུ་བའི་སྐོར་གྱི་དྲིལ་བསྒྲགས་བྱས་པ་དྲན་མ་ཐག་རང་འགུལ་ངང་སྤྱི་བདེ་ལས་ཁུངས་ལ་སྙན་སེང་ཞུས་པ་དང་འབྲེལ་མེ་མདའ་གོང་འབུལ་ཞུས་ཡོད། མེ་མདའ་གོང་འབུལ་ཞུ་མཁན་མང་ཚོགས་ཀྱིས་མི་དམངས་ཉེན་རྟོག་པར“ངར་ཕ་མེས་ནས་བཞག་པའི་མེ་མདའ་སྐྱོན་ཤོར་བ་གཉིས་ཡོད། ཁྱེད་ཚོར་གོང་འབུལ་ཞུས་ན་ང་ཡང་བློ་བདེ་པོ་འདུག”ཅེས་བཤད་པ་རེད།

    སྤྱི་བདེ་མི་དམངས་ཉེན་རྟོག་པས་མང་ཚོགས་ཀྱིས་སྤྱི་བདེ་ལས་ཁུངས་ཀྱི་ལས་དོན་ལ་གཞོགས་འདེགས་ཧུར་ཐག་བྱས་ནས་ཉེན་ཆེའི་འབར་གས་དངོས་པོ་རང་འགུལ་ངང་གོང་འབུལ་ཞུ་བའི་བྱེད་སྤྱོད་ལ་ཁས་ལེན་དང་བསྔགས་བརྗོད་གང་ལེགས་བྱས་པ་དང་འབྲེལ། ཁོང་ཚོར་ཉེ་འགྲམ་གྱི་གཉེན་ཉེ་དང་གྲོགས་པོར་མེ་མདའ་དང་འབར་རྫས་བསྡུ་ལེན་གྱི་ཤེས་བྱ་དྲིལ་བསྒྲགས་མང་ཙམ་བྱེད་པ་དང་མེ་མདའ་དང་འབར་རྫས་དང་འབྲེལ་བ་ཡོད་པའི་ཁུངས་སྣེ་ཐེར་འདོན་ཧུར་ཐག་བྱས་ནས་ཉེན་རྟོག་པ་དང་མང་ཚོགས་ཀྱིས་མཉམ་དུ་དུས་བདེ་སྲུང་སྐྱོང་བྱེད་དགོས་པའི་ལྕག་སྐུལ་ཡང་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།