དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • བོད་ལྗོངས་རྒྱལ་མཚམས་འཛུལ་སྒྲོལ་མཐའ་མཚམས་ཞིབ་བཤེར་སྤྱི་ཁྱབ་ས་ཚིགས་ཀྱིས་གསར་དུ་བསྐོས་པའི་ཏང་ཀྲི་པུའི་ཧྲུའུ་ཅིར་འགན་བཞེས་གསོ་སྦྱོང་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-10-08

    ཉེ་ཆར། བོད་ལྗོངས་རྒྱལ་མཚམས་འཛུལ་སྒྲོལ་མཐའ་མཚམས་ཞིབ་བཤེར་སྤྱི་ཁྱབ་ས་ཚིགས་ཀྱིས་ལྗོངས་ཡོངས་ཀྱི་གནས་སྤོས་ཡུལ་མི་དོ་དམ་ཁོངས་གཏོགས་ཀྱི་ས་ཚིགས་རིམ་པའི་ཚན་པ་12ཀྱི་གསར་དུ་བསྐོས་པའི་ཏང་ཀྲི་པུའི་ཧྲུའུ་ཅི་རྒན་པ་དང་གཞོན་པ་93ལ་འགན་བཞེས་གསོ་སྦྱོང་བྱས་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཀྱི་གསོ་སྦྱོང་ནི་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་གཞི་རིམ་དུ་སྤེལ་བར་སྐུལ་འདེད་གཏོང་བའི་ཞིབ་ཕྲའི་བྱ་སྤྱོད་དང་གཞི་རིམ་ཏང་འཛུགས་སྐྱོང་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་ཚོད་འཛིན་བཟོ་བའི་འགག་གནད་ནུས་ཤུགས་ཡོད་རྒུས་སེལ་བའི་ལྡོག་མེད་ཀྱི་བླང་བྱ་ཞིག་རེད་ལ། འཐབ་འཛིང་གི་བཙན་རྫོང་བརྟན་གཏོང་དང་སྟོབས་ལྡན་གྱི“སྣེ་ཁྲིད་མཁན”དཔུང་ཁག་གཏོད་པའི་བྱ་ཐབས་གལ་ཆེན་དེ་བས་ཀྱང་རེད། གསོ་སྦྱོང་ནང་ཆེད་དོན་ཟུར་ཁྲིད་དང་། ཞིབ་བསྡུར་དང་སྤེལ་རེས། ཏང་དོན་གྱི་བཀོལ་སྤྱོད་དངོས། ཏང་གི་བརྗོད་དོན་གཙོ་བོའི་ཉིན་མོ། རིགས་པའི་གཞུང་ལུགས་ཀྱི་ཚོད་རྒྱུགས་སོགས་བྱ་ཐབས་སྣ་མང་སྤྱད་དེ། གསར་དུ་བསྐོས་པའི་མི་དམངས་ཉེན་རྟོག་པ་སྒྲིག་འཛུགས་བྱས་ནས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་གཞི་རིམ་ལ་དམ་འཛིན་དང་། རྨང་གཞི་འདིང་བ། རྨང་གཞི་བརྟན་གཏོང་བཅས་ཀྱི་ལས་དོན་ཏན་ཏིག་དང་ཡག་པོ་སྒྲུབ་པའི་ཐད་གནང་བའི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་སློབ་སྦྱོང་གཏིང་ཟབ་བྱས་ཏེ། “འགག་རྩའི་ཉུང་ཤས”ཡིན་པའི་གཞི་རིམ་ཏང་ཀྲི་པུའི་ཧྲུའི་ཅིས“གཞི་གྲངས་ཆེ་ཤོས”ཡིན་པའི་གཞི་རིམ་ཏང་ཡོན་དཔུང་ཁག་གི་སྣེ་ཁྲིད་ཡག་པོ་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།