དབུ་ཤོག>ཁྲིམས་ལུགས།>གྱོད་དཔེ་སྣང་གསལ།
  • ཟངས་རི་རྫོང་མི་དམངས་ཁྲིམས་ཁང་གིས་ལག་བསྟར་གྱོད་དངུལ་སྒོར་ཁྲི་110ལྷག་ཙམ་གཅིག་སྡུད་ཐོག་སྤྲད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-09-24

    འདི་ནི་ལག་བསྟར་གྱོད་དངུལ་སྤྲོད་ཡུལ་ཡིན་པ།

    ཉིན་ཤས་གོང་། ཟངས་རི་རྫོང་མི་དམངས་ཁྲིམས་ཁང་གིས་ལག་བསྟར་གྱོད་དངུལ་གཅིག་སྡུད་ཐོག་སྤྲོད་པའི་བྱེད་སྒོ་སྤེལ་ཏེ། གྱོད་དོན་ཁག་25ཡི་ལག་བསྟར་རེ་ཞུ་བྱེད་མིར་ལག་བསྟར་གྱོད་དངུལ་སྒོར་ཁྲི་110ལྷག་ཙམ་སྤྲད་པ་རེད།

    འདི་ནི་ལག་བསྟར་གྱོད་དངུལ་སྤྲོད་ཡུལ་ཡིན་པ།

    བྱེད་སྒོ་སྤེལ་ཡུལ་དུ། ལག་བསྟར་ཅུས་ཀྱི་ལས་བགོས་འགན་གཉེར་འགོ་ཁྲིད་ཀྱིས་གྱོད་དངུལ་སྤྲོད་པའི་ལས་དོན་ལ་གསལ་བཤད་མདོར་བསྡུར་བྱས་པ་དང་། དེ་རྗེས་གྱོད་དོན་ལག་བསྟར་ལས་བྱེད་ཉེན་རྟོག་པས་གྱོད་དངུལ་སྤྲོད་པའི་ཆ་འཕྲིན་རེ་རེ་བཞིན་ཞིབ་བསྡུར་བྱས་ཏེ། དངུལ་ལེན་དུ་ཡོང་བའི་ལག་བསྟར་རེ་ཞུ་བྱེད་མིར་ངང་རྒྱུད་རིང་པོས་གྱོད་དངུལ་སྤྲོད་པའི་འགྲོ་ལུགས་གཉེར་ནས། གྱོད་དངུལ་ནོར་འཛོལ་མེད་པར་ལག་བསྟར་བྱེད་མི་ཚང་མའི་ལག་ཏུ་འབྱོར་བའི་འགན་ལེན་བྱས་པ་རེད། དངུལ་སྨར་ལག་ཏུ་རག་རྗེས། ལག་བསྟར་རེ་ཞུ་བྱེད་མི་ཚང་མའི་ངོ་གདོང་ནས་འཛུམ་མདངས་འཕྱུར་ཞིང་ཚང་མས་ལག་བསྟར་ལས་བྱེད་ཉེན་རྟོག་པར་ཐུགས་རྗེ་ཆེ་ཞུས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།