དབུ་ཤོག>ཁྲིམས་ལུགས།>ཞི་མཐུན་ས་མཐོ།
  • མངའ་རིས་སྤྱི་བདེ་ལས་ཁུངས་ཀྱིས།

    ​བདེ་འཇགས་བཅོས་སྒྲིག་ལས་དོན་ཏན་ཏིག་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-09-20

    འདི་ནི་མངའ་རིས་སྤྱི་བདེའི་མི་དམངས་ཉེན་རྟོག་པ་གཙོ་གནད་ཁུལ་དུ་བསྐྱོད་དེ་བདེ་འཇགས་བཅོས་སྒྲིག་བྱ་སྤྱོད་སྤེལ་བཞིན་པ།

    2024ལོའི་དབྱར་དུས་ཀྱི་བདེ་འཇགས་བཅོས་སྒྲིག་བྱ་སྤྱོད་སྤེལ་ཚུན། མངའ་རིས་སྤྱི་བདེ་ལས་ཁུངས་ཀྱིས་མཐོ་གནས་སྐུལ་འདེད་དང་། ཚད་མཐོའི་མཐོང་ཆེན། བཀོད་སྒྲིག་ཞིབ་ཚགས། དུས་ཐོག་སྐུལ་སློང་། གོང་དཔེ་འོག་སྟོན། སྔོན་ཚུད་བཀོད་འདོམས། གནད་སྨིན་ཤུགས་འདོན། བདེ་འཇགས་ཀྱི་ཆོས་ཉིད་ཁོང་དུ་ཡང་དག་ཆུད་པ་བཅས་བྱས་ཐོག་གློག་འཕྲིན་ཁ་བསླུས་དང་། རྐུ་འཕྲོག་བསླུ་གསུམ། འཆལ་རྒྱན་དུག་གསུམ་སོགས་ཀྱི་ཁྲིམས་འགལ་ཉེས་གསོག་མངོན་གསལ་དོད་རིགས་ལ་དམ་པོར་དམིགས་ནས། བདེ་འཇགས་བཅོས་སྒྲིག་གི་འགག་སྒྲོལ་བྱ་སྤྱོད་སྤེལ་བ་དང་། “རླངས་འཁོར་སྐོར་སྐྱོད་དང་། གོམ་པས་སྐོར་སྐྱོད། བརྙན་ལམ་སྐོར་ཞིབ”བཅས་ཟུང་འབྲེལ་དམ་ཟབ་བྱེད་པའི་སྐོར་གཡེང་སྔོན་འགོག་མ་ལག་བསྐྲུན་ཏེ“ཉེན་རྟོག་པ་མཐོང་བ་དང་། ཉེན་ཟོན་གློག་བཞུ་མཐོང་བ། ཉེན་ཟོན་རླངས་འཁོར་མཐོང་བ”བཅས་ཀྱི་བྱ་སྤྱོད་མུ་མཐུད་སྤེལ་ནས“མཚན་མོའི་སོ་པ”ཡག་པོ་བྱས་པ། མང་ཚོགས་ཀྱིས“མཐོང་ཐུབ་པ་དང་། ཤེས་སླ་བ། བློ་ལ་ངེས་ཐུབ་པ”བཅས་ཀྱི་བྱེད་ཐབས་ཐོག་ནས་གློག་འཕྲིན་ཁ་བསླུས་ལ་ངོ་རྒོལ་དང་། ཆུ་སུབ་ཐེབས་རྒྱུ་སྔོན་འགོག མེ་སྐྱོན་སྔོན་འགོག ཆང་བཏུང་འཁོར་གཏོང་བཀག་འགོག་སོགས་ཀྱི་བདེ་འཇགས་ཤེས་བྱ་དང་བཅའ་ཁྲིམས་དྲིལ་བསྒྲགས་བྱེད་སྒོ་རྒྱུན་མཐུད་སྤེལ་བ། གཞུང་དྲང་དང་ཡ་རབས་ཀྱི་ཁྲིམས་སྒྱུར་ལས་སྒྲུབ་ནན་ཏན་དང་ཚད་ལྡན་དུ་གཏོང་རྒྱུ་མཐའ་འཁྱོངས་ཀྱིས“བཅའ་ཁྲིམས་དང་། གནས་ལུགས། གནས་ཚུལ”དང“དུས་དང་། ཚད་གཞི། ཕན་ནུས”བཅས་ཁོང་དུ་ཡང་དག་ཆུད་པར་བྱས་ནས་ཁྲིམས་སྐྱོང་གི་འདུ་ཤེས་དང་། དཔང་རྟགས་ཀྱི་འདུ་ཤེས། གོ་རིམ་གྱི་འདུ་ཤེས། ལྟ་སྐུལ་དང་ལེན་གྱི་འདུ་ཤེས་བཅས་སྔར་བས་ཟབ་ཏུ་བཏང་ཡོད། མིག་སྔའི་བར་ཉེན་རྟོག་པ་མི་ཐེངས་7061བཏང་བ་དང་། ཉེན་རྟོག་པའི་རླངས་འཁོར་ཐེངས་2478བཏང་བ། གཙོ་གནད་ཁུལ་1332ལ་སྐོར་ཞིབ་བྱས་པ། རླངས་འཁོར་ཐེངས་ཁྲི་11.328བཏང་བ། རིགས་ཁག་གི་ཉེས་དོན་གྱོད་གཞི་10རྩད་ཆོད་པ། ཉེས་གསོག་དོགས་ཅན་11བཟུང་བ། རིགས་ཁག་གི་སྲིད་འཛིན་གྱོད་གཞི་38ཞིབ་བཤེར་ཐག་གཅོད་བྱས་པ། ཁྲིམས་འགལ་བྱེད་སྤྱོད་སྤེལ་མཁན་52བཟུང་བ། འགལ་བ་དང་རྩོད་གཞི་192ལ་གྲལ་བཤེར་བྱས་པ། རིམ་རྩིས་བྱས་ན་གནས་སྐབས་ལས་སྒྲུབ་ས་ཚིགས་220བཙུགས་པ། རིམ་རྩིས་བྱས་ན་རིགས་ཁག་གི་རླངས་འཁོར་ཐེངས་ཁྲི་5.9ལྷག་ཙམ་ལ་ཞིབ་བཤེར་བྱས་པ། རིམ་རྩིས་བྱས་ན་རིགས་ཁག་གི་འགྲིམ་འགྲུལ་ཁྲིམས་འགལ་བྱེད་སྤྱོད་ཐེངས་2454ཞིབ་བཤེར་ཐག་གཅོད་བྱས་པ། རིམ་རྩིས་བྱས་ན་རིགས་ཁག་གི་ཁྲིམས་སྐྱོང་དྲིལ་བསྒྲགས་ཐེངས་508བྱས་པ། ཁྱོན་ཉེན་རྟོག་པ་736བཏང་བ། LEDབརྙན་ཡོལ་སྤྱད་དེ་དྲིལ་བསྒྲགས་ཐེངས་191བྱས་པ། རྒྱ་ཁྱབ་བརྡ་སྦྱོར་586སྦྱར་བ། རིགས་ཁག་གི་ཁྲིམས་སྐྱོང་དྲིལ་བསྒྲགས་དཔྱད་ཡིག་25146སྤྲད་པར་མང་ཚོགས་ཁྲི་3.18ལྷག་ཙམ་ལ་སློབ་གསོ་ཐེབས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།