བོད་ཀྱིས་རྒྱལ་སྲུང་སློབ་གསོ་སློབ་གྲྭར་སྤེལ་བ།
ཉེ་དུས། བོད་ཀྱི“རྒྱལ་སྲུང་སློབ་གསོ་སློབ་གྲྭར་སྤེལ་བའི”ལེ་ཚན《རྒྱལ་ཁབ་དང་མི་དམངས་ཀྱི་ཆེད་དུ》ཞེས་པ་དེ་བོད་ལྗོངས་བརྙན་འཕྲིན་ལས་ཁུངས་སྲུང་སྐར་འཕྲིན་ལམ་ནས་བསྟན་ཡོད། དེ་ནི་བོད་ལྗོངས་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་སྡེ་ཚན་བཙུགས་ཚུན་ཇུས་འགོད་བྱས་ནས་གཉེར་བའི་གཅིག་སྡུད་རང་བཞིན་དང་བརྙན་འཕྲིན་རིགས་ཀྱི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་ཞིག་ཡིན་ཞིང་། གཞོན་ནུ་ལོ་ཆུང་ཚོར་ལོ་རྒྱུས་རིག་གནས་དང་རྒྱལ་སྲུང་སློབ་གསོའི་སློབ་ཚན་བསྟན་ཡོད། འདི་ནི་ལྷ་ས་གྲོང་ཁྱེར་སློབ་ཆུང་གཉིས་པར་རྒྱལ་སྲུང་སློབ་གསོ་སློབ་གྲྭར་སྤེལ་བའི་ལེ་ཚན་ཕབ་ལེན་བྱེད་བཞིན་པ།