དབུ་ཤོག>ཁྲིམས་ལུགས།>གྱོད་དཔེ་སྣང་གསལ།
  • རུ་ཐོག་རྫོང་མི་དམངས་ཁྲིམས་ཁང་གིས།

    སྤྱི་བདེ་ལས་ཁུངས་ལ“དཔྱད་མཚམས་ ལག་བསྟར་མ་བྱས་པའི”གྱོད་གཞི་ཞིག་རྩིས་སྤྲད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-09-18

    ཉེ་ཆར། རུ་ཐོག་རྫོང་མི་དམངས་ཁྲིམས་ཁང་གིས་སྤྱི་བདེ་ལས་ཁུངས་ལ“དཔྱད་མཚམས་ལག་བསྟར་མ་བྱས་པའི”གྱོད་གཞི་ཞིག་རྩིས་སྤྲད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། 2019ལོའི་ཟླ་བཅུ་གཉིས་པར་རུ་ཐོག་རྫོང་མི་དམངས་ཁྲིམས་ཁང་གིས་དཔྱད་མཚམས་ཁྱབ་བསྒྲགས་བྱས་པ་བརྒྱུད། ཞུ་སྦྱོར་ཕྱི་མ་ལི་ཆེ་གེ་མོས་ཞུ་སྦྱོར་སྔ་མ་བོད་ཀྱི་བོགས་གཏོང་ཀུང་སི་ཞིག་ལ་གན་རྒྱའི་དངུལ་སྒོར་ཁྲི་110སྤྲོད་རྒྱུའི་ཁྲུན་ཐག་བཅད་པ་རེད། ཡིན་ན་ཡང་ལི་ཆེ་གེ་མོས་ཁྲིམས་དོན་ཡིག་རིགས་ནང་གཏན་འབེབས་བྱས་པའི་འོས་འགན་ལག་བསྟར་མ་བྱས་པས། ལག་བསྟར་རེ་ཞུ་བས་2020ལོའི་ཟླ་ལྔ་པར་བཙན་ཤེད་ཀྱིས་ལག་བསྟར་བྱ་རྒྱུའི་རེ་ཞུ་བྱས་ཤིང་ལག་བསྟར་བྱེད་པའི་བརྒྱུད་རིམ་ཁྲོད་ཐའོ་ཆེ་གེ་མོས་རང་མོས་ངང་གྱོད་གཞི་དེའི་ཁག་ཐེག་པ་བྱས་ཡོད། ལི་ཆེ་གེ་མོ་དང་ཐའོ་ཆེ་གེ་མོས་ལག་བསྟར་རེ་ཞུ་བ་དང་འདུམ་འགྲིག་བྱས་ནས་ཡུན་རིང་ལག་བསྟར་གི་གྲོས་མཐུན་བཞག་པ་བརྒྱུད། 2020ལོའི་ཟླ་བཅུ་གཅིག་པར་འདུམ་འགྲིག་གི་ཡུན་རིང་ལག་བསྟར་གྲོས་མཐུན་བཞག་པར་བརྟེན་ནས་གྱོད་གཞི་དེ་ལག་བསྟར་བྱེད་མཇུག་བསྒྲིལ་མོད། ཡིན་ན་ཡང་ལག་བསྟར་བྱེད་མཁན་གྱིས་འདུམ་འགྲིག་གྲོས་མཐུན་ལྟར་ལག་བསྟར་མ་བྱས་པས་ལག་བསྟར་རེ་ཞུ་བས་སླར་ཡང་ད་ལོའི་ཟླ་བཞི་པར་གྱོད་གཞི་དེ་བཙན་ཤེད་ཀྱིས་ལག་བསྟར་བྱ་རྒྱུའི་རེ་ཞུ་བྱས་པ་རེད། ལག་བསྟར་པས་འབྲེལ་གཏུགས་ཐེངས་མང་བྱས་ཀྱང་ལག་བསྟར་བྱ་ཡུལ་དང་ཁག་ཐེག་པ་གཉིས་ཀས་ཁ་པར་མ་བླངས་པས་ལག་བསྟར་ལ་གཡོལ་བའི་བྱེད་སྤྱོད་ལྡན་པ་དང་། བརྟག་དཔྱད་བྱས་པ་བརྒྱུད་ལག་བསྟར་བྱ་ཡུལ་ལི་ཆེ་གེ་མོ་དང་ཁག་ཐེག་པ་ཐའོ་ཆེ་གེ་མོས་རྒྱུ་ནོར་སྤོ་སྒྱུར་བྱས་པའི་བྱེད་སྤྱོད་ལྡན་པ་ཤེས་རྟོགས་བྱུང་བ་རེད།

    རུ་ཐོག་རྫོང་མི་དམངས་ཁྲིམས་ཁང་གི་ལག་བསྟར་བས་དྲ་ཐོག་དང་དྲ་ཕྱི་ནས་ལས་དོན་ཞིབ་ཕྲ་བསྒྲུབས་པ་བརྒྱུད། གོང་གསལ་གྱི་ཁུངས་སྣེ་དེ་དག་ཤེས་རྟོགས་བྱུང་འཕྲལ་རྫོང་ཞིབ་དཔྱོད་ཁང་དང་རྫོང་སྤྱི་བདེ་སྡེ་ཚན་སྒྲིག་འཛུགས་བྱས་ནས་གྱོད་གཞི་མཐུན་སྦྱོར་ཚོགས་འདུ་འཚོགས་པ་མ་ཟད། ད་དུང་གྱོད་གཞི་དེའི་འབྲེལ་ཡོད་གནས་ཚུལ་ཚོགས་འདུའི་ཐོག་བརྡ་ཁྱབ་བཏང་ཞིང་། གྲོས་བསྡུར་གཏིང་ཟབ་བྱས་པ་བརྒྱུད་ཚང་མས་ལག་བསྟར་བྱ་ཡུལ་ལི་ཆེ་གེ་མོ་དང་ཁག་ཐེག་པ་ཐའོ་ཆེ་གེ་མོས་རྒྱུ་ནོར་སྤོ་སྒྱུར་བྱས་པའི་བྱེད་སྤྱོད་དེ“དཔྱད་མཚམས་ལག་བསྟར་མ་བྱས་པའི་ཉེས་གསོག”གི་ཚད་དུ་སླེབས་པའི་ངོས་འཛིན་བྱས་པ་དང་སྤྱི་བདེ་ལས་ཁུངས་ཀྱིས་མོས་མཐུན་བྱས་པ་བརྒྱུད་གྱོད་ཐོ་བཀོད་དེ་ད་ཆ་མྱུལ་ཞིབ་བྱེད་བཞིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།