དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • སློབ་གྲྭར་ཁྲིམས་སྐྱོང་སྒྲོག་འགྲེལ་དང་ཁྲིམས་ལུགས་ཁྱབ་གདལ་བཏང་ནས་སློབ་མའི་འཚར་ལོངས་ལ་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-09-18

    ལས་དོན་པས་དགེ་སློབ་ཚོར་བཅའ་ཁྲིམས་ཀྱི་ཤེས་བྱ་དྲིལ་བསྒྲགས་བྱེད་བཞིན་པ།

    ཉེ་ཆར། བྲག་གཡབ་རྫོང་སྤྱི་བདེ་ཅུས་བྱམས་མདུན་མངགས་གཏོང་ཁང་གིས་བྱམས་མདུན་ལྟེ་བའི་མི་དམངས་ཁྲིམས་ར་དང་མཉམ་དུ། བྱམས་མདུན་གྲོང་རྡལ་སློབ་ཆུང་དུ་བསྐྱོད་དེ་སློབ་གྲྭར་ཁྲིམས་སྐྱོང་སྒྲོག་འགྲེལ་གྱི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།

    བྱེད་སྒོ་སྤེལ་རིང་། མི་དམངས་ཉེན་རྟོག་པས《ན་སོ་དར་ལ་མ་བབས་པའི་མིའི་སྲུང་སྐྱོང་བཅའ་ཁྲིམས》དང《ན་སོ་དར་ལ་མ་བབས་པའི་མིའི་ཉེས་གསོག་སྔོན་འགོག་བཅའ་ཁྲིམས》ལ་དམིགས་ནས་བརྒྱུད་རིམ་ལྡན་པའི་ངང་གསལ་འགྲེལ་བྱས་པ་དང་ཆབས་ཅིག སློབ་ཕྲུག་ཚོར་འགྲིམ་འགྲུལ་བདེ་འཇགས་དང་སློབ་གྲྭའི་ནང་གི་བཙན་པོ་ཧམ་ཤེད་དང་ཆུར་བྱིངས་སྔོན་འགོག་སོགས་སྐོར་གྱི་ཤེས་བྱ་ཁྱབ་གདལ་བཏང་ནས་དགེ་སློབ་ཚོའི་བདེ་འཇགས་དོགས་ཟོན་གྱི་འདུ་ཤེས་དང་རང་སྲུང་ནུས་པ་ཆེ་རུ་བཏང་བ་དང་། སློབ་ཕྲུག་ཚོར་ཡང་དག་པའི་བཅའ་ཁྲིམས་ཤེས་བྱར་བརྟེན་ནས་རང་སྲུང་བྱེད་དགོས་པའི་ཁྲིད་སྟོན་བྱས་པ་དང་ཐུན་མོང་ཐོག་ཞི་མཐུན་དང་དུས་བདེའི་སློབ་གྲྭའི་ཁོར་ཡུག་ཅིག་བཏོད་པ་རེད།

    ད་ཐེངས་སློབ་གྲྭར་ཁྲིམས་སྐྱོང་སྒྲོག་འགྲེལ་བྱས་པ་ལས་སློབ་གྲྭའི་དགེ་རྒན་དང་། ལས་བཟོ། སློབ་མ་བཅས་ཁྱོན་200ལྷག་ཙམ་ལ་སློབ་གསོ་ཐེབས་ནས་དགེ་སློབ་ཀྱི་བདེ་འཇགས་འདུ་ཤེས་དང་ཁྲིམས་སྐྱོང་འདུ་ཤེས་ཟབ་ཏུ་ཕྱིན་པ་མ་ཟད། གཞོན་ནུ་ལོ་ཆུང་གི་ཁྲིམས་འགལ་ཉེས་གསོག་སྔོན་འགོག་ཉུང་གཏོང་དང་། གཞོན་ནུ་ལོ་ཆུང་གི་བཅའ་ཁྲིམས་འདུ་ཤེས་དང་སྒྲིག་བཀུར་ཁྲིམས་སྲུང་གི་རང་རྟོགས་རང་བཞིན་ཆེར་གཏོང་། རྒྱ་ཆེའི་གཞོན་ནུ་ལོ་ཆུང་སློབ་མ་སྐྱོན་བྲལ་ངང་འཚར་ལོངས་ཡོང་བར་སྐུལ་གཏོང་བཅས་ལའང་ཕན་འབྲས་ཐོན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།