དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • གྲ་ནང་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས།

    སློབ་གྲྭར་བཅའ་ཁྲིམས་ཁྱབ་གདལ་གཏོང་བའི་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-09-18

    ཉེ་ཆར། གྲ་ནང་རྫོང་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་གྲ་ནང་རྫོང་བསམ་ཡས་གྲོང་རྡལ་ཆ་ཚང་སློབ་ཆུང་དུ་བསྐྱོད་དེ། སློབ་དུས་གསར་པ་འགོ་ཚུགས་རྗེས་ཀྱི“ཁྲིམས་སྐྱོང་སློབ་གསོའི་སློབ་ཚན་དང་པོ”འཁྲིད་པ་རེད།

    བྱེད་སྒོ་སྤེལ་ཡུལ་དུ་ཞིབ་དཔྱོད་དཔོན་གྱིས་PPTཡི་རྣམ་པའི་ཐོག་ནས་སློབ་གྲྭའི་དགེ་སློབ་ཚོར་ཞིབ་དཔྱོད་ལས་ཁུངས་དང་དེ་བཞིན་ན་སོ་དར་ལ་མ་བབས་པའི་མིའི་ཞིབ་དཔྱོད་སྡེ་ཚན་གྱི་འགན་འཁྲི་ངོ་སྤྲོད་བྱས་པ་མ་ཟད། སྤྱི་ཚོགས་སུ་གླེང་མང་བའི་གནད་དོན་དང་། ཉེ་འགྲམ་གྱི་དཔེ་མཚོན་གྱོད་དཔེ། ཁྲིམས་ལུགས་ཁྱབ་གདལ་གྱི་བརྙན་ཐུང་བཅས་ནས་སློབ་མ་ཚོར་སློབ་གྲྭའི་ནང་བརྙས་བཅོས་ཕོག་པའི་མཚོན་ཚུལ་དང་། གནོད་འཚེ། དེ་བཞིན་རྒྱུན་མཐོང་གི་ཉེས་མིང་བཅས་ངོ་སྤྲོད་བྱས་པ་དང་། སློབ་གྲྭའི་ནང་བརྙས་བཅོས་ཕོག་པའི་རྒྱུ་རྐྱེན་དང་དེ་བཞིན་ཐག་གཅོད་བྱེད་ཐབས་ལ་དབྱེ་ཞིབ་བྱས་ནས་སློབ་མའི་ཁྲིམས་སྐྱོང་འདུ་ཤེས་དང་རང་ངོས་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་བཏང་སྟེ། སློབ་མའི་བརྙས་བཅོས་བྱེད་སྤྱོད་སྣ་ཚོགས་རང་རྟོགས་ངང་བཀག་འགོག་བྱེད་དགོས་པའི་ཁྲིད་སྟོན་བྱས་པ་རེད། གློག་འཕྲིན་དང་དྲ་རྒྱའི་ཁ་བསླུས་དང་བཙན་གཡེམ་སོགས་གླེང་མང་བའི་གནད་དོན་སྔོན་འགོག་སྐོར་གྱི་ཁྲིམས་སྐྱོང་དྲིལ་བསྒྲགས་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།