དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • ཨ་མདོ་རྫོང་མེ་ཟོན་རོགས་སྐྱོབ་རུ་ཆེན་གྱིས།

    ཁོངས་གཏོགས་ཁུལ་གྱི་འབྲེལ་ཡོད་ལས་རིགས་སྒྲིག་འཛུགས་བྱས་ཏེ་གློག་སྒུལ་སྦག་སྦག་གི་བདེ་འཇགས་གསོ་སྦྱོང་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-09-18

    མེ་ཟོན་པས་མྱུར་སྐྱེལ་པ་དང་མངགས་སྐྱེལ་པར་མེ་ཟོན་གྱི་བདེ་འཇགས་ཤེས་བྱ་ཁྱབ་གདལ་གཏོང་བཞིན་པ།

    ཉེ་དུས་ཨ་མདོ་རྫོང་མེ་ཟོན་རོགས་སྐྱོབ་རུ་ཆེན་གྱིས་ཁོངས་གཏོགས་ཁུལ་གྱི་མྱུར་སྐྱེལ་དང་མངགས་སྐྱེལ་ལས་རིགས་སྒྲིག་འཛུགས་བྱས་ཏེ། གློག་སྒུལ་སྦག་སྦག་གི་བདེ་འཇགས་གསོ་སྦྱོང་དང་མེ་ཟོན་བདེ་འཇགས་ཤེས་བྱ་དྲིལ་བསྒྲཌ་བྱས་པ་རེད།

    རུ་ཆེན་དྲིལ་བསྒྲགས་མི་སྣས་རྒྱལ་ཡོངས་ཀྱི་དཔེ་མཚོན་མེ་སྐྱོན་གྱི་གྱོད་དཔེ་དྲངས་ནས། གློག་སྒུལ་སྦག་སྦག་གང་བྱུང་དུ་འཇོག་པ་དང་བདེ་འཇགས་མེད་པར་གློག་གསོག་པའི་གནོད་འཚེ་ཚབས་ཆེན་དང་དེ་བཞིན་ཡང་དག་པའི་བེད་སྤྱོད་བྱེད་ཐབས་གསོན་ཉམས་དོད་པོས་འགྲེལ་བཤད་བརྒྱབ་པ་རེད།

    རུ་ཆེན་གྱི་དྲིལ་བསྒྲགས་མི་སྣས་གསོ་སྦྱོང་བྱེད་རིང་གསོ་སྦྱོང་ལ་ཞུགས་མཁན་མི་སྣར་གློག་སྒུལ་སྦག་སྦག་ཐོག་ཁར་མི་འཁྲིད་པ་དང་། ཐོག་ཁ་ནས་གློག་སྐུད་ཁྲིད་དེ་གློག་མི་གསོག་པ། ཁྱིམ་དུ་གློག་མི་གསོག་པ་བཅས་རང་འགུལ་ངང་ལག་བསྟར་བྱེད་དགོས་པ་དང་། གློག་གསོག་དགོས་ན་དམིགས་འཛུགས་ཀྱི་བདེ་འཇགས་གློག་གསོག་ཁུལ་དུ་གློག་གསོག་དགོས་པ་དང་། གློག་བསགས་ཚར་རྗེས་དུས་ཐོག་ཏུ་གློག་སྐུད་བསྡུ་དགོས་པ་མ་ཟད། དུས་བཀག་ནང་སྦག་སྦག་ལ་ཞིབ་བཤེར་ཉམས་བཟོ་བྱེད་དགོས་པ། གློག་སྒུལ་སྦག་སྦག་གོ་རིམ་ལྡན་པའི་སྒོ་ནས་དམིགས་འཛུགས་ས་ཁོངས་སུ་འཇོག་དགོས་པ་ལས་མེ་ཟོན་བགྲོད་ལམ་བཟུང་སྤྱོད་བྱེད་མི་རུང་བ། བདེ་འཇགས་ཐད་ཀྱི་མངོན་མེད་རྐྱེན་ངན་ཤེས་རྟོགས་བྱུང་ཚེ་དུས་ཐོག་ཏུ་ལས་ཁུངས་ཀྱི་འགན་འཁུར་བར་སྙན་སེང་ཞུ་དགོས་པ་བཅས་ཀྱི་ནན་བཤད་དང་དྲན་སྐུལ་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།