དབུ་ཤོག>ཁྲིམས་ལུགས།>བརྟན་ལྷིང་གསེར་ཕུབ།
  • མངའ་རིས་ས་ཁུལ་གྱི“གངས་ལྗོངས་ཀྱི་ཕུབ་སྔོན། མེ་ཟོན་དྲིལ་བསྒྲགས་སློབ་གསོའི་འཆད་ཁྲིད་ཚོགས་པ”ཡིས།

    ཁོངས་གཏོགས་ཁུལ་དུ་མེ་ཟོན་དྲིལ་བསྒྲགས་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-09-18

    འདི་ནི་ཞིང་འབྲོག་མང་ཚོགས་ལ་མེ་ཟོན་བདེ་འཇགས་ཤེས་བྱར་འགྲེལ་བཤད་རྒྱག་བཞིན་པ།

    ཉེ་ཆར། མངའ་རིས་ས་ཁུལ་གྱི“གངས་ལྗོངས་ཀྱི་ཕུབ་སྔོན། མེ་ཟོན་དྲིལ་བསྒྲགས་སློབ་གསོའི་འཆད་ཁྲིད་ཚོགས་པ”ཡིས་གྲོང་གསེབ་ཏུ་མེ་ཟོན་དྲིལ་བསྒྲགས་ཀྱི་བྱེད་སྒོ་སྤེལ་ནས་ཞིང་འབྲོག་ཁུལ་དུ་མེ་ཟོན་བདེ་འཇགས་ཀྱི“མེ་འགོག་གྱང”བརྟན་པོ་ཞིག་བསྐྲུན་པ་རེད།

    བྱེད་སྒོའི་ཁྲོད་འཆད་ཁྲིད་ཚོགས་པའི་ཁོངས་མིས་ཞིང་འབྲོག་ཁུལ་དུ་བསྐྱོད་དེ་རྒྱ་ཆེའི་ཞིང་འབྲོག་པར་མེ་གསོད་བདེ་འཇགས་ཤེས་བྱའི་དྲིལ་བསྒྲགས་དཔྱད་གཞི་སྤྲད་པ་མ་ཟད། མེ་སྐྱོན་གྱི་ཉེན་བརྡ་ཇི་ལྟར་གཏོང་བ་དང་། མེ་སྐྱོན་ཐོན་མ་ཐག་ཇི་ལྟར་གསོད་པ། མེ་སྐྱོན་ཁྲོད་རང་སྐྱོབ་ཇི་ལྟར་བྱེད་པ་སོགས་མེ་གསོད་རྒྱུན་ཤེས་དང་། དེ་བཞིན་ཁྱིམ་ཚང་གི་མེ་གསོད་བདེ་འཇགས་ཤེས་བྱའི་སྐོར་ལ་འགྲེལ་བཤད་ཞིབ་ཕྲ་བརྒྱབ་སྟེ། ཚང་མས་རྒྱུན་གཏན་འཚོ་བའི་ཁྲོད་མེ་སྐྱོན་སྔོན་འགོག་གི་འདུ་ཤེས་ཟབ་ཏུ་གཏོང་བ་དང་མེ་གསོད་བདེ་འཇགས་ལ་དོ་སྣང་བྱེད་པ་དང་། དུས་རྒྱུན་དུ“གཙང་སེལ་གསུམ་དང་གཏན་འགོག་གསུམ”གྱི་ལས་དོན་ཡག་པོ་བསྒྲུབས་ནས་མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་ཐོན་མ་ཐག་ནས་སེལ་དགོས་པའི་ཁ་བསླབ་བྱ་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།