དབུ་ཤོག>ཁྲིམས་ལུགས།>བརྟན་ལྷིང་གསེར་ཕུབ།
  • སྒར་རྫོང་མེ་ཟོན་རོགས་སྐྱོབ་རུ་ཆེན་གྱིས།

    ཐོན་ལས་གླིང་གི་མེ་ཟོན་བདེ་འཇགས་ལ་ཞིབ་བཤེར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-09-18

    འདི་ནི་ཐོན་ལས་གླིང་དུ་མེ་ཟོན་བདེ་འཇགས་ལ་ཞིབ་བཤེར་བྱེད་བཞིན་པ།

    ཐོན་ལས་གླིང་གི་མེ་ཟོན་བདེ་འཇགས་དོ་དམ་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས་མེ་སྐྱོན་གྱི་མི་མངོན་པའི་རྐྱེན་ངན་བསལ་ཏེ་ཁེ་ལས་དང་ལས་བཟོ་ཚོའི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་བྱ་ཆེད། ཉེ་ཆར། སྒར་རྫོང་མེ་ཟོན་རོགས་སྐྱོབ་རུ་ཆེན་གྱིས་སྡོད་ཁང་འཛུགས་སྐྲུན་དང་། ཐོན་ལས་གླིང་དོ་དམ་ལྟེ་གནས། འཕྲལ་སྡོམ་སོགས་སྡེ་ཚན་གྱི་ལས་དོན་མི་སྣ་དང་མཉམ་དུ་གཏོཌ་ཁོངས་དེའི་ཐོན་ལས་གླིང་དུ་བསྐྱོད་དེ་མེ་ཟོན་བདེ་འཇགས་ཀྱི་ཞིབ་བཤེར་བྱས་པ་རེད།

    ཐེངས་འདིར་མཉམ་འབྲེལ་ཞིབ་བཤེར་བྱས་པ་བརྒྱུད། ཐོན་ལས་གླིང་ནང་གི་མེ་སྐྱོན་ཐད་ཀྱི་མི་མངོན་པའི་རྐྱེན་ངན་ཁག་གཅིག་བསལ་བ་མ་ཟད། ད་དུང་ཁེ་ལས་ཀྱི་འགན་འཁུར་བ་དང་ལས་བཟོའི་མེ་ཟོན་བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་ཕྱིན་ནས། ཐོན་ལས་གླིང་ལ་མེ་ཟོན་བདེ་འཇགས་ཀྱི་ཁོར་ཡུག་ཡག་པོ་བསྐྲུན་ཡོད་པ་རེད། གོམ་སྟབས་རྗེས་མར། སྒར་རྫོང་མེ་ཟོན་རོགས་སྐྱོབ་རུ་ཆེན་གྱིས་ཐོན་ལས་གླིང་དེའི་མེ་ཟོན་བདེ་འཇགས་ལ་ཞིབ་བཤེར་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས། ཐོན་ལས་གླིང་དེའི་མེ་ཟོན་བདེ་འཇགས་དུས་བབ་རྒྱུན་མཐུད་བརྟན་ལྷིང་ཡོང་བའི་འགན་ལེན་བྱ་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།