བོད་ལྗོངས་ནགས་ཚལ་མེ་ཟོན་སྤྱི་ཁྱབ་རུ་ཁག་མ་བྱན་གསོ་སྦྱོང་རུ་ཁག་གིས།
སྲིད་འཛིན་སྤྱི་ཁྱབ་མ་བྱན་གདན་དྲངས་ནས་ཟུར་ཁྲིད་བྱས་པ།
འདི་ནི་གསོ་སྦྱོང་བྱ་ཡུལ་ཡིན་པ།
གསོ་སྦྱོང་ནང་ཞུགས་མཁན་ཡོངས་ཀྱི་བྱང་ཚད་མཐོ་རུ་བཏང་ནས་མ་བྱན་དཔུང་ཁག་གི་ལྟོ་ཆས་ཀྱིས་འགན་ལེན་བྱེད་པའི་ཆུ་ཚད་མཐོ་རུ་གཏོང་ཆེད། ཉེ་ཆར། བོད་ལྗོངས་ནགས་ཚལ་མེ་ཟོན་སྤྱི་ཁྱབ་རུ་ཁག་གིས་ཤམ་བྷ་ལ་གསོལ་མགྲོན་ཁང་གི་སྲིད་འཛིན་སྤྱི་ཁྱབ་མ་བྱན་གདན་དྲངས་ནས་ཟུར་ཁྲིད་བྱས་པ་རེད།
ཐེངས་འདིའི་ཟུར་ཁྲིད་ཀྱི་རྣམ་པ་ཕུན་སུམ་ཚོཌ་པོ་ཡོད་དེ། རིགས་པའི་གཞུང་ལུགས་འགྲེལ་བཤད་དང་། ཡུལ་དངོས་དཔེ་སྟོན། དངོས་སུ་གཡོས་སྦྱོར་སོགས་ནང་དོན་ཡང་མང་པོ་ཡོད། དེ་དག་གི་གཙོ་གནད་ནི་གསོ་སྦྱོང་ནང་ཞུགས་མཁན་ཚོའི་གཡོས་སྦྱོར་སྐོར་གྱི་གཞི་རྩའི་རིགས་པའི་གཞུང་ལུགས་དང་རྨང་གཞིའི་རྩལ་ནུས་དང་དེ་བཞིན་ཐབ་ལས་འགན་ལེན་ནུས་པ་གསོ་སྐྱོང་བྱ་རྒྱུ་དེ་ཡིན་པ་རེད། སྲིད་འཛིན་སྤྱི་ཁྱབ་མ་བྱན་གྱིས་གཡོས་སྦྱོར་བྱེད་སྟངས་ལ་དམིགས་ནས་སློབ་མ་ཚོར་ཉམས་མྱོང་རྩ་ཆེན་དག་ཁྲིད་པ་མ་ཟད། ད་དུང་གཡོས་སྦྱོར་གྱི་བརྒྱུད་རིམ་ཁྲོད་ཐོན་པའི་རྒྱུན་མཐོང་གནད་དོན་རེ་རེ་བཞིན་འགྲེལ་བཤད་ཀྱང་བརྒྱབ་པ་རེད། གསོ་སྦྱོང་བྱེད་རིང་། སློབ་མ་ཡོངས་ཀྱིས་རྣམ་འགྱུར་བཟང་པོའི་སྒོ་ནས་རྩལ་ནུས་ཡག་པོ་སྦྱངས་པས་སློབ་སྦྱོང་གི་རྣམ་པ་ཟབ་མོ་མངོན་ནས་སྔོན་དཔག་གི་ཕན་འབྲས་ཐོན་ཡོད་པ་རེད།