དབུ་ཤོག>ཁྲིམས་ལུགས།>བརྟན་ལྷིང་གསེར་ཕུབ།
  • ཆབ་མདོ་གྲོང་ཁྱེར་གྱི་མེ་ཟོན་པ་3ཀྲུང་གོ་མེ་ཟོན་རོགས་སྐྱོབ་སློབ་གླིང་དུ་ཚུད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-09-18

    འདི་ནི་བཞུགས་མོལ་ཚོགས་འདུ་འཚོག་ཡུལ་ཡིན་པ།

    2024ལོའི་ཀྲུང་གོ་མེ་ཟོན་རོགས་སྐྱོབ་སློབ་གླིང་གིས་ཕུལ་བྱུང་མེ་ཟོན་པར་ཕྱོགས་ནས་ལོགས་སུ་སློབ་བསྡུའི་ཡིག་རྒྱུགས་གཏོང་རིང་། ཆབ་མདོ་གྲོང་ཁྱེར་ནགས་ཚལ་མེ་ཟོན་ཉིང་ལག་རུ་ཁག་གི་རུ་མི་ཝུའུ་དབུན་ཧའོ་དང་། ལིའུ་ཐའོ། ཀྲོའུ་ཅུན་བཅས་ཀྱི་མེ་ཟོན་རུ་མི་3པོ་ཕུལ་བྱུང་གྲུབ་འབྲས་ཐོག་ནས་ཀྲུང་གོ་མེ་ཟོན་རོགས་སྐྱོབ་སློབ་གླིང་དུ་ཚུད་ཡོད། ཉེ་དུས་ཆབ་མདོ་གྲོང་ཁྱེར་ནགས་ཚལ་མེ་ཟོན་ཉིང་ལག་རུ་ཁག་གིས་ཀྲུང་གོ་མེ་ཟོན་རོགས་སྐྱོབ་སློབ་གླིང་དུ་ཚུད་པའི་མེ་ཟོན་པར་དགའ་སྐྱེལ་གྱི་བཞུགས་མོལ་ཚོགས་འདུ་འཚོགས་པ་རེད།

    བཞུགས་མོལ་ཚོགས་འདུའི་ཐོག ཉིང་ལག་རུ་ཁག་གི་འགོ་ཁྲིད་ཀྱིས་རུ་མི་གསུམ་པོས་དུས་ཡུན་རིང་པོར་དཀའ་སྤྱད་བློས་གཏོང་བྱས་པ་དང་ལས་ཀའི་རྣམ་འགྱུར་བཟང་པོར་ཚད་མཐོའི་གདེང་འཇོག་བྱས་ཤིང་། དུས་མཚུངས་སུ་ཁོང་ཚོར་སློབ་གྲྭར་སླེབས་རྗེས་ངེས་པར་དུ་མཚན་སྙན་ལ་གཅེས་སྤྲས་དང་། གོ་སྐབས་དམ་འཛིན། སྲོལ་རྒྱུན་བཟང་པོ་དང་ཉམས་སད་ཐེག་པའི་སྤྱོད་ཚུལ་དར་སྤེལ། སློབ་སྦྱོང་དང་སྦྱོང་བརྡར་ཧུར་ཐག་བྱེད་པ། གྲུབ་འབྲས་གཟེངས་སུ་ཐོན་པ་བཅས་བྱས་ཏེ་མེ་ཟོན་པ་ཞིག་ནས་བཀོད་འདོམས་པ་ཞིག་ཏུ་སྔ་ཙམ་འགྱུར་བར་བྱ་རྒྱུའི་རེ་བ་ཡང་བཏོན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།