འགྲིམ་འགྲུལ་ཡོ་བྱད་ལ་གཏོར་སྐྱོན་བཏང་བས་རྣམ་ཆེ་གེ་མོ་ལོ་གསུམ་བཀག་ཉར་བྱས་པ།
ཉེ་ཆར། འགྲིམ་འགྲུལ་ཡོ་བྱད་ལ་གཏོར་སྐྱོན་བཏང་བའི་གཞིས་རྩེའི་གྱོད་གཞི་ཐོག་མ་དེར་འདྲི་གཅོད་གཉིས་པ་བྱེད་མཁན་ཁྲིམས་ཁང་གིས་འདྲི་ཞིབ་བྱས་པ་བརྒྱུད་ཐོག་མའི་ཁྲིམས་བཅད་སོར་བཞག་བྱས་ཤིང་། ཞུ་སྦྱོར་ཕྱི་མ་རྣམ་ཆེ་གེ་མོས་འགྲིམ་འགྲུལ་ཡོ་བྱད་ལ་གཏོར་སྐྱོན་བཏང་བའི་ཉེས་པ་བསཌ་པར་དུས་བཀག་བཙོན་འཇུག་ལོ་གསུམ་བྱ་རྒྱུའི་ཁྲིམས་ཐག་བཅད་པ་རེད།
ཟླ་1ཚེས་25ཉིན་གྱི་ཐོ་རངས་ཆུ་ཚོད་4པ་ཙམ་ལ། ཞུ་སྦྱོར་ཕྱི་མ་རྣམ་ཆེ་གེ་མོས་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་གི་ཇ་ཁང་ཞིག་ཏུ་ཆང་རག་བཏུངས་རྗེས། འགྲུལ་སྐྱེལ་རླངས་འཁོར་དཀྱུས་མ་ཆུང་གྲས་ཤིག་བཏང་ནས་ཇོ་མོ་གླང་མའི་ཁོར་ཡུག་སྲུང་སྐྱོང་རླངས་འཁོར་བརྗེ་སྒྱུར་ས་ཚིཌ་སུ་མི་སྐྱེལ་བར་བསྐྱོད་པ་དང་། གཙང་འགྲམ་གྱི་རླངས་འཁོར་འཇོག་ས་བརྒྱུད་སྐབས་གནོད་འཚེ་ཕོག་མཁན་ངག་ཆེ་གེ་མོའི་ཟོག་འཁོར་ཡང་གྲས་དཀྱུས་མ་དེ་རླངས་འཁོར་འཇོག་སར་བཞག་ཡོད་པ་མཐོང་། དེ་སྔོན་རྣམ་ཆེ་གེ་མོ་དང་ངག་ཆེ་གེ་མོ་དོན་དག་ཆུང་ཙག་གིས་རྐྱེན་པས་རྩོད་པ་ཐུག་མྱོང་བས། ད་ལན་ཁོ་པར་འཁོན་ལན་སློག་ཆེད། ཇོ་མོ་གླང་མའི་རླངས་འཁོར་བརྗེ་སྒྱུར་ས་ཚིགས་ནས་གཙང་འགྲམ་གྱི་རླངས་འཁོར་འཇོག་སར་ལོག་སྟེ། གནོད་འཚེ་ཕོག་མཁན་ངག་ཆེ་གེ་མོའི་རླངས་འཁོར་གྱི་རྒྱབ་ཀྱི་འཁོར་ལོ་གཉིས་པོའི་འཁོར་བཀག་སྦུ་གུ་བཅད་དེ་ཕྱིར་ལོག ཉིན་དེའི་ཐོ་རངས་ཀྱི་ཆུ་ཚོད་5པ་ཙམ་ལ་གནོད་འཚེ་ཕོག་མཁན་ངག་ཆེ་གེ་མོས་རླངས་འཁོར་གཏོང་སྐབས་རླངས་འཁོར་ཁ་བཀག་ཐུབ་ཀྱི་མེད་པ་མ་ཟད་དེ་ནི་མིས་རྐང་བཙུཌ་ནས་གཏོར་སྐྱོན་བཏང་བ་ཡིན་པ་ཤེས་འཕྲལ་གྱོད་དོན་སྙན་སེང་ཞུས།
ཟླ་6ཚེས་7ཉིན། དིང་རི་རྫོང་མི་དམངས་ཁྲིམས་ཁང་གིས་འདྲི་གཅོད་དང་པོའི་ཞིབ་གཅོད་བྱས་པ་དང་ཁྲིམས་རས་ངོས་འཛིན་བྱས་དོན། ཞུ་སྦྱོར་ཕྱི་མ་རྣམ་ཆེ་གེ་མོས་མི་གཞན་ལ་འཁོན་ལན་སློག་ཆེད། རྐང་བཙུཌ་ནས་གཞན་གྱི་རླངས་འཁོར་ལ་གཏོར་སྐྱོན་བཏང་སྟེ། རླངས་འཁོར་པ་ར་རྒྱག་ཉེན་བཟོས་པའི་བྱེད་སྤྱོད་དེ་འགྲིམ་འགྲུལ་ཡོ་བྱད་ལ་གཏོར་སྐྱོན་བཏང་བའི་བྱས་ཉེས་སུ་བརྩི་ཆོག་པས་ཁྲིམས་ལྟར་ཉེས་ཆད་གཅོད་དགོས་པ་དང་། གཞུང་གཏུག་ལས་ཁུངས་ཀྱི་ཉེས་བགྲང་ཞུ་གཏུག་གི་ཉེས་མིང་གྲུབ་ཡོད། གཞུང་གཏུག་ལས་ཁུངས་ཀྱིས་ཞུ་སྦྱོར་ཕྱི་མ་རྣམ་ཆེ་གེ་མོར་དུས་བཀག་བཙོན་འཇུག་ལོ་གསུམ་གྱི་ཁྲིམས་ཆད་བཅད་པའི་བྱས་ཉེས་ཚད་འབེབས་ཀྱི་གྲོས་འགོ་འོས་འཚམ་ཡིན་པས་དང་ལེན་བྱེད་དགོས་པ་དང་། ཞུ་སྦྱོར་ཕྱི་མ་རྣམ་ཆེ་གེ་མོར་ཉེས་ཆད་ཕྱིར་འགྱངས་ཀྱི་ཁྲིམས་ཆད་བཅད་པའི་བྱས་ཉེས་ཚད་འབེབས་ཀྱི་གྲོས་འགོ་འོས་འཚམ་མིན་པས་དང་ལེན་བྱེད་མི་དགོས། ཉེས་གསོག་གི་དོན་དངོས་དང་། ངོ་བོ། ཉེས་ཚབས་ཆེ་ཆུང་། དེ་བཞིན་སྤྱི་ཚོཌ་ལ་གནོད་འཚེ་ཕོག་ཚབས་ཆེ་ཆུང་བཅས་ལ་གཞིགས་ནས་གོང་གསལ་གྱི་དཔྱད་མཚམས་བཏང་བ་རེད། འོན་ཀྱང་ཞུ་སྦྱོར་ཕྱི་མ་རྣམ་ཆེ་གེ་མོ་འདྲི་གཅོད་དང་པོའི་དཔྱད་མཚམས་ལ་ཡི་མ་རངས་པས་གོང་གཏུག་བྱས་པ་རེད། 2024ལོའི་ཟླ་8ཚེས་25ཉིན་གཞིས་རྩེ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་གོང་གཏུག་གི་ཞུ་དོན་ཕྱིར་བསློཌ་ནས་ཐོག་མའི་དཔྱད་མཚམས་སོར་བཞག་བྱེད་རྒྱུའི་ཁྲུན་ཐག་བཅད་པ་རེད།