པར་རིས་གསར་འགྱུར།
ཉེ་ཆར་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་བཀོད་འདོམས་ལྟེ་གནས་ཀྱིས་མི་དམངས་ཉེན་རྟོག་པ་སྒྲིག་འཛུགས་བྱས་ནས་མང་ཚོགས་ཀྱི་འགྲམ་དུ་བསྐྱོད་དེ་དྲ་རྒྱའི་བདེ་འཇགས་ཀྱི་ཉེན་ཁ་སྔོན་འགོག་དང་ཚོད་འཛིན་གྱི་ཤེས་བྱ་དྲིལ་བསྒྲགས་བྱས་ཤིང་། འདི་ནི་མི་དམངས་ཉེན་རྟོག་པས་འགྲོ་འོང་བྱེད་མཁན་མང་ཚོགས་ལ་དྲ་རྒྱའི་བདེ་འཇགས་ཀྱི་ཤེས་བྱ་དྲིལ་བསྒྲགས་བྱེད་བཞིན་པ།