ཆུ་ཤུར་གྲོང་རྡལ་གྱིས།
སྡེ་ཁུལ་གྱི་ཡོ་བསྲང་བྱེད་མཁན་ལ་གཅིག་སྡུད་སློབ་སྦྱོང་སློབ་གསོའི་བྱེད་སྒོ་སྤེལ་བ།
འདི་ནི་སྡེ་ཁུལ་གྱི་ཡོ་བསྲང་བྱེད་མཁན་གྱིས་ཆུ་ཤུར་གྲོང་རྡལ་གྱི་སྒོ་རའི་ནང་གད་བདར་གཙང་སྦྲ་བྱེད་བཞིན་པ།
འདི་ནི་སྡེ་ཁུལ་གྱི་ཡོ་བསྲང་བྱེད་མཁན་གྱིས《སྡེ་ཁུལ་གྱི་ཡོ་བསྲང་བཅའ་ཁྲིམས》ཀྱི་བོད་རྒྱ་སྐད་གཉིས་ཀྱི་དྲིལ་བསྒྲགས་བརྙན་ཐུང་ལྟ་བཞིན་པ།
སྡེ་ཁུལ་གྱི་ཡོ་བསྲང་བྱེད་མཁན་ལ་སློབ་གསོ་དོ་དམ་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ནས་སྡེ་ཁུལ་གྱི་ཡོ་བསྲང་ལས་དོན་གྱི་སྤུས་ཚད་མཐོ་རུ་གཏོང་ཆེད། ཉེ་ཆར། ཆུ་ཤུར་གྲོང་རྡལ་ཁྲིམས་འཛིན་སུའོ་ཡིས་ཁོངས་གཏོགས་ཁུལ་གྱི་སྡེ་ཁུལ་གྱི་ཡོ་བསྲང་བྱེད་མཁན་3སྒྲིག་འཛུགས་བྱས་ཏེ། སྤྱི་ཕན་ངལ་རྩོལ་དང་གཅིག་སྡུད་སློབ་སྦྱོང་སློབ་གསོའི་བྱེད་སྒོ་སྤེལ་བ་རེད།
བྱེད་སྒོ་སྤེལ་རིང་། ཁྲིམས་འཛིན་སུའོ་ཡི་ལས་དོན་པས་སྡེ་ཁུལ་གྱི་ཡོ་བསྲང་བྱེད་མཁན་སྒྲིག་འཛུགས་བྱས་ཏེ། 《སྡེ་ཁུལ་གྱི་ཡོ་བསྲང་བཅའ་ཁྲིམས》ཀྱི་བོད་རྒྱ་སྐད་གཉིས་ཀྱི་དྲིལ་བསྒྲགས་བརྙན་ཐུང་བསྟན་པ་དང་ཆབས་ཅིག སྡེ་ཁུལ་གྱི་ཡོ་བསྲང་གི་དམིགས་ཡུལ་དང་། དོན་སྙིང་། སྤྱོད་ཁོངས་བཅས་དང་། དེ་བཞིན་སྡེ་ཁུལ་གྱི་ཡོ་བསྲང་བྱ་ཡུལ་གྱི་དབང་ཆ་དང་འོས་འགན་སོགས་ཀྱི་ནང་དོན་ངོ་སྤྲོད་ཞིབ་ཕྲ་བྱས་པ་རེད།