དབུ་ཤོག>ཁྲིམས་ལུགས།>ཁྲིམས་སྐྱོང་དོ་རྭ།
  • ཆུ་ཤུར་རྫོང་སློབ་འབྲིང་གིས།

    རྩ་ཁྲིམས་ཀྱི་ཤེས་བྱའི་དྲི་བར་ལན་འདེབས་པའི་བྱེད་སྒོ་སྤེལ་ནས་ཁྲིམས་སྐྱོང་སློབ་གསོའི་ལམ་བུ་ཡངས་སུ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-09-18

    འདི་ནི་རྩ་ཁྲིམས་ཀྱི་ཤེས་བྱའི་དྲི་བར་ལན་འདེབས་པའི་བྱེད་སྒོ་སྤེལ་ཡུལ་ཡིན་པ།

    ཉེ་ཆར་ཆུ་ཤུར་རྫོང་སློབ་འབྲིང་གི་ཆ་འཕྲིན་ཁང་གིས་གྲ་སྒྲིག་ཞིབ་ཚཌ་བྱས་ནས། སློབ་གྲྭ་ཡོངས་སུ་རྩ་ཁྲིམས་ཀྱི་ཤེས་བྱའི་དྲི་བར་ལན་འདེབས་པའི་བྱེད་སྒོ་བདེ་བླག་ངང་སྤེལ་བ་རེད།

    ད་ཐེངས་ཀྱི་བྱེད་སྒོར་དོན་སྙིང་གལ་ཆེན་ལྡན་ཞིང་། དེའི་དམིགས་ཡུལ་ནི་རྩ་ཁྲིམས་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་ཆེད་དང་། གཞོན་ནུ་ལོ་ཆུང་སློབ་མའི་རྩ་ཁྲིམས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་ཆེད། ཁྲིམས་སྐྱོང་ཤེས་བྱ་སྦྱོང་བའི་རྣམ་པ་ཟབ་མོ་ཞིག་གཏོད་ཆེད་བཅས་ཡིན་པ་རེད། རྩ་ཁྲིམས་ཀྱི་ཤེས་བྱའི་དྲི་བར་ལན་འདེབས་པའི་བྱེད་སྒོ་སྤེལ་རྒྱུ་ཡིན་པའི་གནས་ཚུལ་ཁྱབ་བསྒྲགས་བྱས་མ་ཐག་སློབ་གྲྭ་ཡོངས་ཀྱི་དགེ་སློབ་ཚོའི་དོ་ཁུར་ཆེན་པོ་ཐོབ་ཡོད།

    ད་ཐེངས་ཀྱི་རྩ་ཁྲིམས་ཀྱི་ཤེས་བྱའི་དྲི་བར་ལན་འདེབས་པའི་བྱེད་སྒོ་བདེ་བླག་ངང་སྤེལ་བ་དེས་ཆུ་ཤུར་རྫོང་སློབ་འབྲིང་གི་ཁྲིམས་སྐྱོང་སློབ་གསོར་གསོན་ཤུགས་གསར་པ་བསྣན་པ་མ་ཟད། བྱེད་སྒོ་དེ་ནི་འོད་མདངས་རབ་ཏུ་འཕྲོ་བའི་སྐར་མ་ཞིག་དང་འདྲ་བར། སློབ་གྲྭའི་ཁྲིམས་སྐྱོང་སློབ་གསོའི་མདུན་སྐྱོད་ལམ་བུ་གསལ་བར་བྱས་ཡོད། རྩ་ཁྲིམས་ཀྱི་ཤེས་བྱའི་དྲི་བར་ལན་འདེབས་བྱེད་སྒོ་སྤེལ་བ་བརྒྱུད། སློབ་གྲྭའི་ཁྲིམས་སྐྱོང་སློབ་གསོ་གཏིང་ཟབ་ཕྱོགས་སུ་སྤེལ་བར་སྐུལ་འདེད་ཐེབས་པ་མ་ཟད། སློབ་མ་རྣམས་ལ་རང་ཉིད་ངོམ་སྟོན་དང་འཇོན་ཐང་ཆེ་རུ་གཏོང་བའི་ལས་སྟེགས་ཞིག་ཀྱང་བསྐྲུན་ཡོད། ལས་སྟེགས་དེ་ལ་བརྟེན་ནས་སློབ་མ་ཚོས་རང་ཉིད་ཀྱི་ཤེས་ཡོན་དང་འཇོན་ཐང་ཅི་དགར་ངོམ་ཆོག་པ་མ་ཟད། ད་དུང་ཁྲིམས་སྐྱོང་གི་གལ་ཆེའི་རང་བཞིན་ལ་ཤེས་རྟོགས་གཏིང་ཟབ་ཀྱང་བྱེད་ཐུབ་ཀྱི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།