དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ལྷུན་གྲུབ་རྫོང་མི་དམངས་ཁྲིམས་ཁང་གིས།

    “ཏང་འཛུགས་སྐྱོང་གི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་འཕེལ་རྒྱས་དོན་གཉེར་བྱེད་པ་དང་། ཆ་སྒྲིག་རོགས་སྐྱོར་བྱས་ནས་མང་ཚོགས་ཀྱི་ཡིད་ཆེས་ཐོབ་པར་བྱེད་པའི”བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-09-18


     འདི་ནི་ཏང་ཡོན་ལས་བྱེད་ཉེན་རྟོག་པས་རོགས་སྐྱོར་བྱ་ཡུལ་ལ་འཚམས་འདྲི་བྱེད་བཞིན་པ།

    འདི་ནི་ཏང་ཡོན་ལས་བྱེད་ཉེན་རྟོག་པས་རོགས་སྐྱོར་བྱ་ཡུལ་མང་ཚོགས་ཀྱི་སེམས་ཁྲལ་དང་དཀའ་ངལ་དངོས་ཤེས་རྟོགས་བྱེད་བཞིན་པ།

    ཉེ་ཆར། ལྷུན་གྲུབ་རྫོང་མི་དམངས་ཁྲིམས་ཁང་གི་ཏང་ཀྲི་པུས་ཏང་ཡོན་ལས་བྱེད་ཉེན་རྟོག་པ་སྒྲིག་འཛུགས་བྱས་ནས་ལྷུན་གྲུབ་རྫོང་ལྕང་ར་ཤར་ཤང་དུ“ཏང་འཛུགས་སྐྱོང་གི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་འཕེལ་རྒྱས་དོན་གཉེར་བྱེད་པ་དང་། ཆ་སྒྲིག་རོགས་སྐྱོར་བྱས་ནས་མང་ཚོགས་ཀྱི་ཡིད་ཆེས་ཐོབ་པར་བྱེད་པའི”བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་བ་རེད།

    བྱེད་སྒོ་སྤེལ་བའི་ཉིན་དེར། ཏང་ཡོན་ལས་བྱེད་ཉེན་རྟོག་པ་ཚོས་སྤྲོ་སེམས་འཁོལ་བའི་ངང་ཆ་སྒྲིག་རོགས་སྐྱོར་བྱ་ཡུལ་གྱི་ཁྱིམ་ཚང་དུ་བསྐྱོད་དེ་འཚོ་བའི་མཁོ་ཆས་སྤྲད་པ་མ་ཟད། རོགས་སྐྱོར་བྱ་ཡུལ་དང་ངོ་ཐུག་གདོང་འཕྲད་ཀྱིས་ཁོང་ཚོའི་གཟུགས་པོའི་གནས་ཚུལ་དང་། དཔལ་འབྱོར་གྱི་ཡོང་འབབ། ཁྱིམ་ཚང་གི་ཁོངས་མིའི་གྲུབ་ཆ། བུ་ཕྲུག་གི་སློབ་གསོ། དངུལ་བུན་གྱི་གནས་ཚུལ་སོགས་ཀྱི་དཀའ་ངལ་དང་དགོས་མཁོ་དངོས་ཤེས་རྟོགས་ཞིབ་ཕྲ་བྱས་ཏེ་རོགས་སྐྱོར་བྱ་ཡུལ་གྱི་སེམས་ཁྲལ་དང་དཀའ་གནད་ཧུར་ཐག་བསལ་བ་རེད། ཏང་ཡོན་དང་མང་ཚོགས་དབར་གྱི་བར་ཐག་ཉེ་རུ་ཕྱིན་ནས་རོགས་སྐྱོར་བྱ་ཡུལ་གྱིས་ཏང་རྩ་འཛུགས་ཀྱི་ཐུགས་ཁུར་དང་དྲོ་སྐྱིད་གང་ལེགས་ཚོར་བ་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།