དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་ཀྱིས།

    2024ལོའི་ལོ་འཁོར་གྱི“གཞི་རིམ་གྱི་སྒྲོག་འགྲེལ་པ་ཡག་ཤོས་བཅུ”དཔྱད་འདེམས་ཀྱི་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-09-18

    གཞི་རིམ་གྱི་རིགས་པའི་གཞུང་ལུགས་སྒྲོག་འགྲེལ་པའི་སྒྲོག་འགྲེལ་ཆུ་ཚད་སྔར་བས་མཐོ་རུ་གཏོང་ཆེད། ཉེ་ཆར་ཁ་རུབ་ཆུས་ཀྱིས་2024ལོའི་ལོ་འཁོར་གྱི“གཞི་རིམ་གྱི་སྒྲོག་འགྲེལ་པ་ཡག་ཤོས་བཅུ”དཔྱད་འདེམས་ཀྱི་བྱེད་སྒོ་སྤེལ་ཞིང་། དེའི་ནང་ཤང(གྲོང་རྡལ)དང་། ཁྲོམ་གཞུང་། གྲོང་ཚོ(སྡེ་ཁུལ)བཅས་ཀྱི་གཞི་རིམ་གྱི་སྒྲོག་འགྲེལ་པ་མང་པོ་ཞུགས་ཡོད་པ་རེད།

    དཔྱད་འདེམས་ཀྱི་བྱེད་སྒོ་སྤེལ་ཡུལ་དུ་བདམས་ཐོན་པ་ཚོས་བརྗོད་དོན་གཙོ་བོར་དམིགས་ཏེ། རང་ཉིད་ཀྱི་ལས་ཀའི་དོན་དངོས་དང་ཉེ་འཁོར་གྱི་གསོན་ཉམས་དོད་པའི་དཔེ་མཚོན་དང་ཟུང་འབྲེལ་བྱས་ཏེ་སྤྲོ་སེམས་ཆེན་པོ་དང་གསོན་ཉམས་ལྡན་པའི་སྐད་ཆར་བརྟེན་ནས་སྒྲོག་འགྲེལ་ཕུན་སུམ་ཚོགས་པོ་ཞིག་བྱས་པ་རེད། དཔྱད་འདེམས་པ་ཚོས་སྒྲོག་འགྲེལ་གྱི་ནང་དོན་དང་། སྐད་ཆ་ཤོད་སྟངས། སྒྲོག་འགྲེལ་གྱི་ཕན་འབྲས་སོགས་ཕྱོགས་མང་པོ་ནས་འགྲན་ཞུགས་པར་དཔྱད་ཞིབ་ནན་པོ་བྱས་མཐར“གཞི་རིམ་གྱི་སྒྲོག་འགྲེལ་པ་ཡག་ཤོས”བཅུ་བདམས་ཐོན་བྱུང་བ་མ་ཟད་ལག་ཁྱེར་དང་བྱ་དགའ་ཡང་སྤྲད་པ་རེད།

    ད་ཐེངས་ཀྱི་དཔྱད་འདེམས་བྱེད་སྒོ་ལས་ཁ་རུབ་ཆུས་ཀྱི་རྒྱ་ཆེའི་གཞི་རིམ་གྱི་སྒྲོག་འགྲེལ་པར་རང་ཉིད་ངོམ་སྟོན་དང་སྤེལ་རེས་སློབ་སྦྱོང་གི་ལས་སྟེགས་ཤིག་བཏོད་ནས་ཁོང་ཚོའི་ལས་ཀའི་སྤྲོ་སེམས་འཕེལ་བར་བྱས་ཡོད། ཁ་རུབ་ཆུས་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱིས། སླད་ཕྱིན་གཞི་རིམ་གྱི་སྒྲོག་འགྲེལ་པའི་བྱང་ཚད་དང་ལས་སྒོའི་འཇོན་ཐང་ཆེ་རུ་གཏོང་བའི་ཐད་མུ་མཐུད་ཤུགས་སྣོན་རྒྱག་པ་དང་སྒྲོག་འགྲེལ་བྱེད་སྟངས་གསར་གཏོད་བྱས་ཏེ་དུད་ཚང་ཁྲི་སྟོང་མང་པོར་ཏང་གི་རིགས་པའི་གཞུང་ལུགས་དང་སྲིད་ཇུས་སྒྲོག་འགྲེལ་སྔར་བས་ཡག་པོ་བྱེད་ཀྱི་ཡིན་ཞེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།