དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ལྷ་ས་གྲོང་ཁྱེར་གྱིས་འཕྲུལ་སྒུལ་འཁོར་རིགས་ཞིབ་བཤེར་ཚད་ལེན་སྒྲིག་གཞིར་ཆེད་དོན་ཞིབ་བཤེར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-09-18

    འདི་ནི་ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱི་ཁྲིམས་སྒྱུར་མི་སྣས་འཕྲུལ་སྒུལ་འཁོར་རིགས་ཞིབ་བཤེར་ཚད་ལེན་སྒྲིག་གཞིའི་འོས་ཐོབ་ལ་ཞིབ་བཤེར་བྱེད་བཞིན་པ།

    འཕྲུལ་སྒུལ་འཁོར་རིགས་ཞིབ་བཤེར་ཚད་ལེན་སྒྲིག་གཞིར་ལྟ་འདོམས་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ནས་འཕྲུལ་སྒུལ་འཁོར་རིགས་ཀྱི་བདེ་འཇགས་ལག་རྩལ་དང་མཇུག་རླངས་ཕྱིར་འབུད་ཞིབ་དཔྱད་ཀྱི་གྲངས་གཞིའི་དངོས་ཡོད་རང་བཞིན་དང་གནད་འཁེལ་རང་བཞིན་ཆེ་རུ་གཏོང་བ་དང་། ཞིབ་བཤེར་གྱི་སྤུས་ཚད་འགན་ལེན་བྱེད་པ། འཕྲུལ་སྒུལ་འཁོར་རིགས་ཞིབ་བཤེར་ཚད་ལེན་ཁྲོམ་རའི་སྒྲིག་ལམ་ཚད་ལྡན་དུ་གཏོང་བ། ལས་རིགས་ཀྱི་ཟང་ཟིང་གི་སྣང་ཚུལ་བཅོས་སྒྲིག་བཅས་བྱ་ཆེད། ཉེ་ཆར་ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་ཁྲོམ་རར་ལྟ་འདོམས་བྱེད་ཤུགས་ཆེ་རུ་གཏོང་བ་དང་འགྲུལ་བཞུད་བདེ་འཇགས་ལ་གཡས་གཞོགས་གཡོན་འདེགས་བྱས་ཏེ“སྐབས་བསྟུན་གཉིས་དང་ཡོངས་བསྒྲགས་གཅིག”གི་སྡེ་ཚན་བརྒལ་བའི་མཉམ་འབྲེལ་ཞིབ་བཤེར་བྱས་པ་རེད།

    ད་ཐེངས་ཀྱི་ཞིབ་བཤེར་བྱེད་རིང་། ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་ལས་རིགས་དེའི་བསླབ་པ་རྒན་གྲས་དང་། རིགས་གཅིག་མཁས་ཅན། ཁྲིམས་འཛིན་མི་སྣ་བཅས་གདན་དྲངས་ནས་མཉམ་དུ་ཞིབ་བཤེར་ཚོགས་ཆུང་བཙུགས་ཏེ། 《ཞིབ་བཤེར་ཚད་ལེན་སྒྲིག་གཞིར་ལྟ་འདོམས་བྱ་ཐབས》དང《ཞིབ་བཤེར་ཚད་ལེན་སྒྲིག་གཞིའི་འོས་ཐོབ་ངོས་འཛིན་གཏན་འཁེལ་གྱི་དོ་དམ་བྱ་ཐབས》སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་གཞིར་བཟུང་། གྲོང་ཁྱེར་ཡོངས་ཀྱི་ཁྱབ་ཁོངས་ནང་གི་འཕྲུལ་སྒུལ་འཁོར་རིགས་ཀྱི་ཞིབ་བཤེར་ཚད་ལེན་སྒྲིག་གཞིར་ས་གནས་ས་ཐོག་ཏུ་ལེབ་བཤེར་བྱས་པས། ཞིབ་བཤེར་ལས་དོན་ཁྱོན་ཡོངས་ལ་ཁྱབ་ཡོད་པ་རེད།

    ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས། བྱ་ཐབས་དེ་དག་ལག་ལེན་བསྟར་བ་བརྒྱུད། ལྷ་ས་གྲོང་ཁྱེར་གྱི་འཕྲུལ་སྒུལ་འཁོར་རིགས་ཞིབ་བཤེར་ཚད་ལེན་ལས་རིགས་ཀྱི་སྤྱི་ཡོངས་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ནས་གྲོང་མིའི་འགྲུལ་བཞུད་བདེ་འཇགས་སྔར་བས་འགན་ལེན་ཐུབ་ཡོད་ཅེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།