དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • རང་ལྗོངས་ཀྱིས་རྒྱལ་ཁབ་དྲ་རྒྱའི་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར་གྱི་བོད་རང་སྐྱོང་ལྗོངས་ཀྱི“ཁྲིམས་སྐྱོང་ཉིན་མོའི”བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-09-18

    དྲ་རྒྱའི་རྒྱལ་ཁབ་སྟོབས་ཆེན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ལག་བསྟར་གཏིང་ཟབ་བྱ་ཆེད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་2024ལོའི་རྒྱལ་ཁབ་དྲ་རྒྱའི་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་བྱེད་སྒོའི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། ཉེ་ཆར། རང་སྐྱོང་ལྗོངས་སྤྱི་བདེ་ཐིང་གིས་ལྗོངས་ཏང་ཨུད་དྲ་འཕྲིན་གཞུང་ལས་ཁང་དང་མཉམ་དུ་ལྷ་སར“ཁྲིམས་སྐྱོང་ཤེས་དཔལ་མཉམ་གཏོད་དང་དྲ་རྒྱའི་བདེ་འཇགས་མཉམ་སྤྱོད”ཀྱི“ཁྲིམས་སྐྱོང་ཉིན་མོའི”བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།

    བྱེད་སྒོ་སྤེལ་ཡུལ་དུ་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་དང་། ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན། ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་། ལྗོངས་ཆ་འཕྲིན་དོ་དམ་ཅུས་སོགས་ཏང་སྲིད་ཚན་པ་དང་། དངུལ་རྩའི་སྒྲིག་གཞི། དྲ་སྦྲེལ་ཁེ་ལས་བཅས་40ལྷག་ཙམ་གྱིས་གསོན་ཉམས་དོད་པའི་དྲིལ་བསྒྲགས་ཆེད་སྒྲོམ་དང་འགྲེམས་སྟེགས་མང་པོ་བསྒྲིགས་པ་དང་། བཅའ་ཁྲིམས་ཁྱབ་གདལ་གྱི་རབ་བཏགས་རི་མོའི་དེབ་དང་། བཅའ་ཁྲིམས་ཁྱབ་གདལ་གྱི་བརྙན་ཐུང་། པར་རིས་འགྲེམས་པང་། དྲ་རྒྱའི་བདེ་འཇགས་ཀྱི་རིག་གནས་བསམ་བཀོད་ལག་རྟགས་སོགས་གྲ་སྒྲིག་ཞིབ་ཚགས་བྱས་པ་མ་ཟད། མང་ཚོགས་མཉམ་འགུལ་གྱི་ཆེད་ཁུལ་དང་དྲ་རྒྱའི་ལག་རྩལ་ཐོན་རྫས་ཉམས་ལེན་ཁུལ་དང་དེ་བཞིན་དྲ་རྒྱའི་བདེ་འཇགས་ཤེས་བྱའི་དྲིས་ལན་གྱི་ལྷུ་ཚིགས་ཀྱང་བཀོད་སྒྲིག་བྱས་པ་རེད།

    རྒྱལ་ཁབ་དྲ་རྒྱའི་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར་གྱི་བོད་རང་སྐྱོང་ལྗོངས་ཀྱི“ཁྲིམས་སྐྱོང་ཉིན་མོའི”བྱེད་སྒོ་སྤེལ་བས་མང་ཚོགས་ཀྱི་དྲ་རྒྱའི་བདེ་འཇགས་ཀྱི་འདུ་ཤེས་དང་བཅའ་ཁྲིམས་ཀྱི་འདུ་ཤེས་ཟབ་ཏུ་ནུས་ལྡན་ཕྱིན་ནས་དྲ་རྒྱའི་བདེ་འཇགས་འཛུགས་སྐྱོང་ལ་སྐུལ་འདེད་དང་དྲ་རྒྱའི་བདེ་འཇགས་ཀྱི་སྒྲིག་ལམ་སྲུང་སྐྱོང་བྱ་ཆེད་དགེ་མཚན་ལྡན་པའི་ལེགས་སྐྱེས་འབུལ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།