སྨར་ཁམས་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས“ཁེ་ལས་སུ་བཅའ་ཁྲིམས་ཁྱབ་གདལ་གཏོང་བའི”བྱེད་སྒོ་སྤེལ་བ།
ཉེ་ཆར། ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་མི་དམངས་ཞིབ་དཔྱོད་ཁང་གི་ལས་བྱེད་ཉེན་རྟོག་པས་སྨར་ཁམས་རྫོང་ལྷད་མེད་བཟའ་བཅའ་འགན་འཁྲི་ཚད་ཡོད་ཀུང་སིར་བསྐྱོད་ནས“ཞིབ་དཔྱོད་ཀྱིས་ཁེ་ལས་ལ་སྲུང་སྐྱོང་བྱེད་པའི་གཙང་གསུམ་བྱ་སྤྱོད”ཀྱི་སྒོ་བྱང་འགེལ་བའི་མཛད་སྒོ་དང་། དེ་བཞིན“ཁེ་ལས་སུ་བཅའ་ཁྲིམས་ཁྱབ་གདལ་གཏོང་བའི”བྱེད་སྒོ་སྤེལ་བ་རེད།
བྱེད་སྒོ་སྤེལ་རིང་། སྨར་ཁམས་རྫོང་མི་དམངས་ཞིབ་དཔྱོད་ཁང་གི་ལས་བྱེད་ཉེན་རྟོག་པས་ཁེ་ལས་ཀྱི་འགན་འཁུར་བ་དང་འབྲེལ་གཏུག་སྤེལ་རེས་བྱས་ནས་ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་གི་གནས་ཚུལ་ཤེས་རྟོགས་ཞིབ་ཕྲ་དང་། ཁེ་ལས་ཀྱི་བསམ་འཆར་བསྡུ་ལེན། ཁེ་ལས་འཕེལ་རྒྱས་གཏོང་རིང་འཕྲད་པའི་དཀའ་གནད་ཉན་པ་དང་གསལ་འགྲེལ་བཅས་བྱས་པ་རེད། དེ་དང་ཆབས་ཅིག འགན་འཁུར་བར“ཞིབ་དཔྱོད་ཀྱིས་ཁེ་ལས་ལ་སྲུང་སྐྱོང་བྱེད་པའི”ཆེད་དོན་བྱ་སྤྱོད་ཀྱི་ནང་དོན་གཙོ་བོ་ངོ་སྤྲོད་བྱས་པ་དང་། “གྱོད་དཔེ་དྲངས་ནས་ཁྲིམས་ལ་འགྲེལ་བཤད་རྒྱག་པའི”ཐོག་ནས་འགན་འཁུར་བར་གཉེར་སྐྱོང་དང་དོ་དམ་སོགས་ཀྱི་ཐད་ལྷག་པའི་འབྲེལ་ཡོད་བཅའ་ཁྲིམས་ཀྱི་ཉེན་ཁར་གསལ་འགྲེལ་བརྒྱབ་པ། ཁེ་ལས་ལ་ཐོན་སྐྱེད་གཉེར་སྐྱོང་ཐད་ཁྲིམས་མཐུན་ལུགས་མཐུན་གྱི་གཉེར་སྐྱོང་འདུ་ཤེས་འཛུགས་རྒྱུར་ཁྲིད་སྟོན་བྱས་པ། ཁེ་ལས་ཀྱི་ལས་བཟོའི་བཅའ་ཁྲིམས་ཀྱི་བསམ་གཞིག་དང་ཁྲིམས་ལྟར་ཁེ་དབང་སྲུང་སྐྱོང་གི་ནུས་པ་ཆེ་རུ་གཏོང་རྒྱུར་སྐུལ་འདེད་བཏང་བ། ནང་ཁུལ་གྱི་དོ་དམ་ཚད་ལྡན་དུ་གཏོང་བ་སོགས་ཐད་དམིགས་ནས། འབྲེལ་ཡོད་གྱི་གྲོས་འགོ་བཏོན་ཏེ་ཁེ་ལས་ཀྱི་བཅའ་ཁྲིམས་ཀྱི་ཉེན་ཁ་འགོག་ཟོན་འདུ་ཤེས་ཟབ་ཏུ་བཏང་བ་རེད།