བདེ་འཇགས་ཤེས་བྱ་དྲིལ་བསྒྲགས་བྱེད་པ།
ཟླ་8ཚེས་22ཉིན་དྲ་རྒྱའི་ཁོར་ཡུག་སྔར་བས་གཙང་སེལ་བྱས་ནས་དྲ་རྒྱའི་བདེ་འཇགས་སྲུང་སྐྱོང་ཏན་ཏིག་བྱ་ཆེད། ལྷ་ས་གྲོང་ཁྱེར་དྲ་རྒྱའི་བདེ་འཇགས་ཉིང་ལག་རུ་ཁག་གིས་ཇུས་འགོད་དང་བཀོད་སྒྲིག་ཞིབ་ཚགས་བྱས་ནས་མི་དམངས་ཉེན་རྟོག་པ་སྒྲིག་འཛུགས་བྱས་ཏེ་མང་ཚོགས་ལ་དྲ་རྒྱའི་བདེ་འཇགས་ཀྱི་ཉེན་ཁ་འགོག་ཟོན་གྱི་ཤེས་བྱ་དྲིལ་བསྒྲགས་བྱས་པ་རེད། འདི་ནི་དྲ་རྒྱའི་བདེ་འཇགས་ཉིང་ལག་རུ་ཁག་གི་མི་དམངས་ཉེན་རྟོག་པ་བློ་བཟང་བཀྲ་ཤིས(གཡས)དང་ཕུའུ་ཙུའུ་ལ(གཡོན)ཡིས་འགྲོ་འོང་བྱེད་མཁན་མང་ཚོགས་ལ་ལག་ཐོགས་ཁ་པར་བེད་སྤྱོད་གཏོང་སྟངས་ཐད་ཀྱི་བདེ་འཇགས་ཤེས་བྱ་དྲིལ་བསྒྲགས་བྱེད་བཞིན་པ།