སྙིང་སྟོབས་ཆེར་སྐྱེད་ཀྱིས་འགན་འཁུར་བ།
དམག་བསྡུའི་གྲ་སྒྲིག་ལས་དོན་ལ་དམ་འཛིན་ནུས་ལྡན་བྱས་ནས་རྒྱ་ཆེའི་གཞོན་ནུའི་དམག་ཞུགས་སྤྲོ་སེམས་འཕེལ་བ་དང་དམག་མིའི་སྤུས་ཚད་སྔར་བས་འགན་ལེན་བྱ་ཆེད། ཉེ་ཆར་མེ་ཏོག་རྫོང་མི་དམངས་དྲག་ཆས་པུའུ་ཡིས་སྔ་ཙམ་ཇུས་འགོད་དང་སྔ་ཙམ་བཀོད་སྒྲིག་བྱས་ཏེ་ཐབས་མང་མཉམ་སྤྱོད་ཀྱིས་དམག་བསྡུའི་དྲིལ་བསྒྲགས་ལས་དོན་ཏན་ཏིག་སྤེལ་ཞིང་། འདི་ནི་མེ་ཏོག་རྫོང་དགུ་ཐང་ཤང་ཏང་ཨུད་ཀྱི་ཨུ་ཡོན་མི་དམངས་དྲག་ཆས་པུའུ་ཡི་པུའུ་ཀྲང་ཁྲེན་ཅེས་མང་ཚོགས་ཀྱི་ཁྱིམ་དུ་དམག་བསྡུའི་སྐོར་དྲིལ་བསྒྲགས་བྱེད་བཞིན་པ།