དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ལྷོ་ཁ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས།

    རིག་ལྡན་ཁྲིམས་ཁང་སྤྱོད་པར་སྐུལ་འདེད་བཏང་ནས་འདྲི་གཅོད་ཀྱི་སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་བར་འདེགས་སྐྱོར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-09-11

    ཉེ་ཆར་ལྷོ་ཁ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་ཉེས་དོན་ཚན་རྩལ་ཁྲིམས་རས་སི་ཁྲོན་ཞིང་ཆེན་ཀོང་ཡོན་བཙོན་ཁང་དང་རྒྱང་ཁྲིད་ཉེས་དོན་གྱོད་གཞི་འདྲི་རྩད་ཐེངས་དང་པོ་ལེགས་གྲུབ་བྱུང་བ་དེ་ཐོག་ནས་ས་གནས་གཉིས་ཀྱི་ཁྲིམས་འཛིན་མཉམ་ལས་ཆ་འཕྲིན་ཅན་གྱི་དུས་མཚམས་གསར་པར་སླེབས་པ་མཚོན་ཡོད། ད་ཐེངས་ཀྱི་འདྲི་རྩད་ནང་སྔོན་ཐོན་གྱི་ཆ་འཕྲིན་ལག་རྩལ་བྱ་ཐབས་ལ་བརྟེན་ནས་ས་ཁོངས་ཀྱི་དབྱེ་མཚམས་ལས་བརྒལ་ཏེ་ནུས་ཆེ་དང་སྟབས་བདེའི་ཁྲིམས་འཛིན་མཉམ་འགུལ་མངོན་འགྱུར་བྱུང་ཡོད།

    ལྷོ་ཁ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་ཆ་འཕྲིན་ཁོའོ་ཡི་ཁོའོ་ཀྲང་གཞོན་པ་བསོད་ནམས་དགྲ་འདུལ་གྱིས“ད་ཐེངས་ཀྱི་གསར་གཏོད་ལག་ལེན་ལས་ཁྲིམས་འཛིན་གྱི་མ་གནས་དམའ་རུ་ཕྱིན་པ་མ་ཟད། མི་སྣ་འགྲོ་འོང་དང་བཀག་སྐྱིལ་གྱི་ཉེན་ཁ་ཡང་ཆུང་དུ་ཕྱིན་ཡོད་པ་དེ་ཐོག་ནས་ལྷོ་ཁ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཁྲིམས་འཛིན་གསར་གཏོད་ཀྱི་ལམ་བུར་གོམ་སྟབས་བརྟན་པོ་སྤོས་པ་དེ་བས་མངོན་ཡོད། དེ་ནི་སྲོལ་རྒྱུན་གྱི་འདྲི་རྩད་བྱེད་སྟངས་ལ་འཕོ་འགྱུར་གཏིང་ཟབ་བྱུང་བ་ཞིག་ཡིན་པ་མ་ཟད། ཁྲིམས་འཛིན་གྱི་ཕན་ནུས་ཆེ་རུ་གཏོང་བ་དང་ཁྲིམས་འཛིན་ཐོན་ཁུངས་བཀོད་སྒྲིག་ལེགས་སུ་གཏོང་བར་རྩ་ཆེའི་ཉམས་མྱོང་དང་དཔེ་སྟོན་མཁོ་འདོན་བྱས་པ་ཞིག་རེད། འབྱུང་འགྱུར་ལྷོ་ཁ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་རྒྱང་ཁྲིད་འདྲི་རྩད་ལམ་སྲོལ་མུ་མཐུད་འཚོལ་ཞིབ་དང་འཐུས་སྒོ་ཚང་དུ་བཏང་ནས་ཁྲིམས་འཛིན་ལས་དོན་སྔར་བས་ནུས་ཆེ་དང་དམངས་ལ་སྟབས་བདེ་ཡོང་བར་སྐུལ་འདེད་གཏོང་གི་ཡིན”ཞེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།