དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • ཆབ་མདོ་གྲོང་ཁྱེར་གྱིས་ཕྱོགས་བསྡུས་དངོས་འཐབ་ཀྱི་འཕྲལ་སྡོམ་ནང་སྦྱོང་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-09-11

    ཉེ་ཆར་ཆབ་མདོ་གྲོང་ཁྱེར་འཕྲལ་སྡོམ་དོ་དམ་ཅུས་ཀྱིས་ཆབ་མདོ་གྲོང་ཁྱེར་གྱི“བོད་ཤར་གྱི་ལས་འགན·2024”ཡི་ཕྱོགས་བསྡུས་དངོས་འཐབ་ཀྱི་འཕྲལ་སྡོམ་ནང་སྦྱོང་བྱས་པ་རེད། ཁ་རུབ་ཆུས་དང་། བྲག་གཡབ་རྫོང་། ཆབ་མདོ་གྲོང་ཨུད་དྲིལ་བསྒྲགས་པུའུ་དང་། སྤྱི་བདེ་ཅུས། དཔལ་འབྱོར་ཆ་འཕྲིན་ཅུས། མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག ནགས་ཚལ་མེ་ཟོན་ཉིང་ལག་རུ་ཁག་སོགས་ཚན་པ་38ཀྱི་མི་500ལྷག་ཙམ་ནང་སྦྱོང་ལ་ཞུགས་ཡོད་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། ད་རེས་ཀྱི་འཕྲལ་སྡོམ་ནང་སྦྱོང་གི་དམིགས་ཡུལ་ནི《ཆབ་མདོ་གྲོང་ཁྱེར་གྱི་ཐོལ་བྱུང་གི་སྤྱི་པའི་དོན་རྐྱེན་གྱི་སྤྱི་ཡོངས་འཕྲལ་སྡོམ་སྔོན་ཇུས》ཀྱི་ཚན་རིག་དང་མཐུན་པའི་རང་བཞིན་དང་། གོ་ཆོད་རང་བཞིན། བཀོལ་སྤྱོད་ཆོག་པའི་རང་བཞིན་བཅས་ལ་སྔར་བས་ཞིབ་དཔྱད་བྱས་ཏེ། ཆབ་མདོ་གྲོང་ཁྱེར་གྱིས་གནོད་འཚེ་སྣ་ཚོགས་ལ་ཁ་གཏད་འཇལ་སྐབས་འཕྲལ་སྡོམ་བཀོད་འདོམས་དང་གཅིག་གྱུར་མཐུན་སྦྱོར་བྱས་ནས་རོགས་སྐྱོབ་ལས་དོན་སྤེལ་ནུས་ལ་ཕྱོགས་ཡོངས་ནས་ཞིབ་དཔྱད་ཐེངས་ཤིག་བྱ་རྒྱུ་དེ་ཡིན་པ་དང་། དེས་རིམ་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གི་འཕྲལ་སྡོམ་ལ་བརྡ་ལན་ཞུ་བ་དང་མཐུན་སྦྱོར་ཐག་གཅོད་ཀྱི་ནུས་པ་ཆེ་རུ་ནུས་ལྡན་ཕྱིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།