ལྷོ་ཁ་གྲོང་ཁྱེར་སྤྱི་བདེ་ལས་ཁུངས་ཀྱིས།
སློབ་གྲྭའི་བདེ་འཇགས་ལ་སྲུང་སྐྱོང་བྱས་ཏེ་སློབ་མ་སྐྱོན་བྲལ་ངང་འཚར་ལོངས་ཡོང་བར་རམ་འདེགས་བྱས་པ།
ད་ལོ་ཚུན་དུ་ལྷོ་ཁ་གྲོང་ཁྱེར་སྤྱི་བདེ་ལས་ཁུངས་ཀྱིས་སློབ་གྲྭའི་ཉེན་ཁ་སྔོན་འགོག་དང་། བདེ་འཇགས་ལ་འགན་ལེན། བརྟན་ལྷིང་ལ་སྲུང་སྐྱོང་། འཕེལ་རྒྱས་ལ་སྐུལ་འདེད་བཅས་ཀྱི་ལས་ཀའི་དམིགས་ཚད་ཁག་ལ་སྐུལ་འདེད་གཏོང་རྒྱུར་དམ་པོར་དམིགས་ཏེ། “སློབ་གྲྭ་སྲུང་སྐྱོང་ལས་གནས”ཀྱི་བྱ་སྤྱོད་ཏན་ཏིག་སྤེལ་བ་དང་། “འཚང་ཁ་ཆེ་སྒང་གི་ཞབས་ཞུ”དང“སློབ་གྲྭ་སྲུང་སྐྱོང་ལས་གནས”ཀྱི་ལམ་ལུགས་ལག་བསྟར་ནན་པོ་བྱེད་པ། མི་རྒྱུ་རྩལ་གསུམ་ལ་བརྟེན་ནས་འགོག་ཟོན་བྱེད་པའི་ཕྱོགས་གསུམ་གཞི་གཅིག་གི་བདེ་འཇགས་འགོག་ཟོན་བྱེད་ཐབས་དོན་འཁྱོལ་ནན་པོ་བཅས་བྱས་ཡོད།
གཙོ་གནད་དུས་མཚམས་དང་། གཙོ་གནད་ས་ཁོངས། གཙོ་གནད་ཁུལ་་བཅས་ལ་དམ་པོར་དམིགས་ཏེ། སློབ་གྲྭའི་མཐའ་འཁོར་གྱི་འགྲིམ་འགྲུལ་ལམ་སྟོན་དང་། བདེ་འཇགས་སྐོར་གཡེང་། འགྲུལ་སྐྱེལ་རླངས་འཁོར་ལ་བདེ་འཇགས་ཞིབ་བཤེར་བཅས་རྒྱུན་རྣམ་ཅན་གྱིས་སྤེལ་བ་དང་། མི་གྲངས་དང་ཤོང་ཚད་ལས་བརྒལ་བ་དང་། གློག་སྒུལ་འཁོར་གསུམ་ནང་མི་བླུགས་པ་སོགས་ཀྱི་ཁྲིམས་འགལ་བྱེད་སྤྱོད་ལ་ཞིབ་བཤེར་ནན་པོ་བྱེད་པ། འགྲོ་ལམ་གྱི་མངོན་མེད་རྐྱེན་ངན་ལ་ཞིབ་བཤེར་དང་བཅོས་སྒྲིག་བྱེད་ཤུགས་རྒྱུན་མཐུད་ཆེ་རུ་གཏོང་བ། བདེ་འཇགས་ལས་འཛོལ་བཀག་འགོག་མཐའ་གཅིག་ཏུ་བྱེད་པ། སློབ་གྲྭ་དང་དེ་བཞིན་མཐའ་འཁོར་གྱི་བདེ་འཇགས་སྒྲིག་ལམ་ཡག་པོ་ཡོང་བར་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱེད་པ་བཅས་བྱས་ནས་དུས་བདེའི་སློབ་གྲྭའི“རྣམ་པ་གསར་པ”བསྐྲུན་ཡོད།