འཇོ་མདའ་རྫོང་སྤྱི་བདེ་ཅུས་ཀྱིས་དུག་རྩ་སྲོ་ལོ་ནག་པོ་རྩ་བཀོག་བཏང་ནས་དག་ཞིང་སྲུང་བ།
ཉེ་ཆར། འཇོ་མདའ་རྫོང་སྤྱི་བདེ་ཅུས་ཀྱིས་འཇོ་མདའ་རྫོང་སྤོ་ལོ་ཤང་ནས་དུག་རྩ་སྲོ་ལོ་ནག་པོ་རྐང་575ཤེས་རྟོགས་བྱུང་ནས་རྩ་བཀོག་བཏང་སྟེ། ཁོངས་གཏོགས་ཁུལ་གྱི་སྤྱི་ཚོགས་ཁོར་ཡུག་གཙང་བཟོ་ནུས་ལྡན་བྱས་ཏེ་དབྱར་དུས་ཀྱི་བདེ་འཇགས་རྡུང་རྡེག་བཅོས་སྒྲིག་བྱ་སྤྱོད་ལ་གྲུབ་འབྲས་གསར་པ་ཐོབ་ཡོད།
འཇོ་མདའ་རྫོང་གིས་དུག་འགོག་དུག་གཏོར་ལས་དོན་གྱི་གྲུབ་འབྲས་སྔར་བས་སྲ་བརྟན་དུ་བཏང་ནས་དུག་འགོག་དུག་གཏོར་ལས་དོན་གྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱ་ཆེད། ཉེ་ཆར་འཇོ་མདའ་རྫོང་སྤྱི་བདེ་ཅུས་ཀྱིས་དབྱར་དུས་ཀྱི་བདེ་འཇགས་བཅོས་སྐྱོང་དང་རྡུང་རྡེག་བཅོས་སྒྲིག་དང་དེ་བཞིན་བདེ་འཇགས་ཁོར་ཡུག་བཅོས་སྒྲིག་གི་ཆེད་དོན་བྱ་སྤྱོད་ཀྱི་བཀོད་སྒྲིག་བླང་བྱ་དང་ཟུང་འབྲེལ་བྱས་ཏེ། འཇོ་མདའ་རྫོང་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་རུ་ཆེན་གྱིས་སྤོ་ལོ་ཤང་མངགས་གཏོང་ཁང་དང་མཉམ་དུ“གཙོ་གནད་གྲལ་བཤེར་དང་ཡུལ་དངོས་ལ་ཕྱོགས་ཡོངས་ནས་ལྟ་ཞིབ་བྱེད་པའི”ལས་དོན་བླང་བྱ་གཞིར་བཟུང་། དུག་འགོག་དུག་གཏོར་གྱི་ཡུལ་དངོས་ལ་ལྟ་ཞིབ་བྱེད་པའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།
བྱེད་སྒོ་སྤེལ་རིང་། མི་དམངས་ཉེན་རྟོག་པ་གྲོང་ཚོ་དང་ཞིང་ནང་དུ་བསྐྱོད་ནས“གྲོང་ཚོ་དང་དུད་ཚང་གཅིག་ཀྱང་མ་ལུས་པ་དང་དུག་རྩ་དང་ལྗང་པ་གཅིག་ཀྱང་མ་ལུས་པའི”བླང་བྱར་གཞིགས་ནས་ཞིང་ནང་མུ་ཁ་དང་། བདག་མེད་སྒོ་ར། ཁང་པའི་རྒྱབ་མདུན་གྱི་མེ་ཏོག་ལྡུམ་ར་སོགས་མངོན་མེད་ཁྲིམས་འགལ་འདེབས་འཛུགས་ཁུལ་དང་དུག་རྫས་སྐྱེ་སླ་བའི་ཁུལ་བཅས་ལ་ཕྱོགས་ཡོངས་ནས་སྐོར་ཞིབ་བྱས་པ་རེད། མཐར་སྤོ་ལོ་ཤང་ནས་རི་སྐྱེས་སྲོ་ལོ་ནག་པོ་དང་འདྲ་བ་རྐང་575རྙེད་པ་དང་དུག་འགོག་ཉིང་ལག་རུ་ཁག་གིས་དབྱེ་འབྱེད་བྱས་པ་བརྒྱུད། རི་སྐྱེས་སྲོ་ལོ་ནག་པོ་ཡིན་པ་གཏན་འཁེལ་བྱས་པ་རེད། དུག་རྩ་བཀག་འགོག་ནུས་ལྡན་བྱས་ནས་ཁྲིམས་འགལ་བས་སྲོ་ལོ་ནག་པོ་བེད་སྤྱོད་བཀག་འགོག་བྱ་ཆེད། མི་དམངས་ཉེན་རྟོག་པས་འཕྲལ་དུ་རི་སྐྱེས་སྲོ་ལོ་ནག་པོ་གཅིག་སྡུད་ཐོག་རྩ་བཀོག་བཏང་བ་དང་ཆབས་ཅིག་མངགས་གཏོང་ཁང་ལ་འཁྱེར་ནས་གཅིག་གྱུར་དུ་མེད་པར་བཟོས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། གོམ་སྟབས་རྗེས་མར་འཇོ་མདའ་རྫོང་སྤྱི་བདེ་ཅུས་ཀྱིས་དུག་རྫས་ཉེས་གསོག་གི་དམ་བསྒྲགས་རྣམ་པ་མུ་མཐུད་རྒྱུན་འཁྱོངས་བྱས་ནས། དུག་འགོག་འདེབས་འགོག་གི་དྲིལ་བསྒྲགས་སློབ་གསོའི་ལས་དོན་ལ་དམ་འཛིན་བྱེད་པ་དང་ཁོངས་གཏོགས་ཁུལ་གྱི་མང་ཚོགས་ཀྱི་དུག་འགོག་འདུ་ཤེས་ཟབ་ཏུ་བཏང་ནས་དུག་འགོག་དུག་གཏོར་གྱི་འགོག་སྲུང་དྲ་རྒྱ་ནུས་ཤུགས་ཡོད་རྒུས་དམ་དུ་གཏོང་རྒྱུ་རེད།