དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • 2024ལོ་འཁོར་གྱི་ལྗོངས་ཡོངས་ཀྱི་སྲིད་འཛིན་ཁྲིམས་སྒྱུར་ལྟ་སྐུལ་ལས་སྒོའི་རྐང་འཛིན་པའི་གསོ་སྦྱོང་འཛིན་གྲྭ་ཅང་སུའུ་ནན་ཅིང་དུ་གཉེར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-09-11

    ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོཌ་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་གཏིང་ཟབ་དང་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ལག་བསྟར་དོན་འཁྱོལ་ནན་ཏན་བྱ་ཆེད། 《བོད་རང་སྐྱོང་ལྗོངས་ཀྱིས་སྲིད་འཛིན་ཁྲིམས་སྒྱུར་གྱི་སྤུས་ཚད་ལེཌ་སུ་གཏོང་བའི་ལོ་གསུམ་གྱི་བྱ་སྤྱོད་འཆར་གཞིའི་ལག་བསྟར་ཇུས་གཞི(2023-2025)》དང་རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་གི་གསོ་སྦྱོང་འཆར་གཞི་ལྟར། 2024ལོ་འཁོར་གྱི་ལྗོངས་ཡོངས་ཀྱི་སྲིད་འཛིན་ཁྲིམས་སྒྱུར་གྱི་ལྟ་སྐུལ་ལས་སྒོའི་རྐང་འཛིན་པ་གསོ་སྦྱོང་གི་འཛིན་གྲྭ་ཉེ་ཆར་ནན་ཅིང་སློབ་ཆེན་ཁྲིམས་རིག་པ་སློབ་གླིང་དུ་གཉེར་བ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་གསོ་སྦྱོང་འཛིན་གྲྭ་ནི་ཉེ་བའི་ལོ་ཤས་རིང་རང་ལྗོངས་ཀྱི་སྲིད་འཛིན་ཁྲིམས་སྒྱུར་ལྟ་སྐུལ་ལས་སྒོ་བརྗོད་དོན་གཙོ་བོར་བྱས་པའི་ལྗོངས་ཕྱིའི་གསོ་སྦྱོང་འཛིན་གྲྭ་ཐོག་མ་དེ་ཡིན་ཞིང་། གསོ་སྦྱོང་ནང་ཞུགས་མཁན་གྲས་སུ་རང་སྐྱོང་ལྗོངས(ཀྲུང་དབྱང)ཐད་གཏོགས་ཀྱི་གཙོ་གནད་སྲིད་འཛིན་ཁྲིམས་སྒྱུར་སྡེ་ཚན་དང་། རང་སྐྱོང་ལྗོངས་དང་། གྲོང་ཁྱེར། རྫོང་བཅས་རིམ་གསུམ་ཁྲིམས་འཛིན་སྲིད་འཛིན་སྡེ་ཚན་གྱི་ཁྲིམས་སྒྱུར་ལྟ་སྐུལ་ལས་སྒོའི་རྐང་འཛིན་པ་དང་དེ་བཞིན་རང་སྐྱོང་ལྗོངས་རིམ་པའི་སྲིད་འཛིན་ཁྲིམས་སྒྱུར་གྱི་ལྟ་སྐུལ་བ་ཁག་དང་པོ་ཞུགས་ཡོད་ཅིང་། ཁྱོན་བསྡོམས་མི་100ལྷག་ཙམ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།