དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ཁ་རུབ་ཆུས་མི་དམངས་ཁྲིམས་ཁང་གིས་མང་ཚོགས་ཀྱི་གླ་ཆ་མ་རག་པའི་སེམས་ཁྲལ་བསལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-09-11

    ཉེ་ཆར་ཁ་རུབ་ཆུས་ཁྲིམས་ཁང་འདུམ་གཅོད་ཚོགས་པས་ངལ་རྩོལ་གན་རྒྱའི་རྩོད་གཞི་6བདེ་བླག་ངང་བསལ་ཞིང་། ཐེན་ཆེ་གེ་མོ་སོགས་ཞིང་པ་ལས་མི་6ལ་ངལ་རྩོལ་གླ་ཆ་སྒོར་ཁྲི་3ལྷག་ཙམ་ལེན་རོགས་བྱས་ནས་ཞིང་པ་ལས་མི་གླ་ཆ་མ་རག་པའི་སེམས་ཁྲལ་བསལ་བ་དང་ངལ་རྩོལ་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ནུས་ལྡན་བྱས་ཡོད།

    ཁྲིམས་ཁང་གིས་རྩད་གཅོད་བྱས་པ་བརྒྱུད་ཞུ་སྦྱོར་སྔ་མ་ཐེན་ཆེ་གེ་མོ་སོགས་མི་6གིས་2024ལོའི་ཟླ་4དང་ཟླ་5པའི་རིང་ལིའུ་ཆེ་གེ་མོ་དང་མཉམ་དུ་ཁ་རུབ་ཆུས་ཀྱི་ཕུག་ལམ་ཞིག་ཏུ་གླ་པ་རྒྱུག་པར་ཕྱིན་པ་དང་། ཕྱོགས་གཉིས་པོས་ཉིན་གླའི་ཐད་ཁ་ཆད་བྱས་ཀྱང་ངལ་རྩོལ་གན་རྒྱ་བཞག་མེད་ལ། གླ་ཆར་ཡང་བསྡོམས་རྩིས་བརྒྱབ་ནས་གཏན་འཁེལ(རྣམ་གྲངས་དེ་ཀོང་ཨན་ཨར་སྐྲུན་ངལ་དོན་ཚད་ཡོད་ཀུང་སི་ཞིག་གིས་ལག་བསྟར་བྱས་པ་དང་ཀུང་སིའི་དོ་དམ་པ་ཐང་ཆེ་གེ་མོས་ས་ཆ་དངོས་ཀྱི་ལས་ཞུགས་ཞིབ་བཤེར་དང་ཞིབ་ཕྲའི་ལས་ཀ་བཀོད་སྒྲིག་གི་འགན་འཁུར་གྱི་ཡོད)བྱས་མེད། ལིའུ་ཆེ་གེ་མོ་གྲོངས་རྐྱེན་ཕྱོགས་གཉིས་པོས་གླ་ཆ་མཇུག་རྩིས་བརྒྱབ་མེད་པར་བརྟེན། ཞུ་སྦྱོར་སྔ་མ་ཐེན་ཆེ་གེ་མོ་སོགས་མི་6གིས་ཐང་ཆེ་གེ་མོར་ངལ་དོན་གླ་ཆ་ལྷག་མ་སྤྲོད་རྒྱུའི་རེ་བ་བཏོན། འོན་ཀྱང་ཐང་ཆེ་གེ་མོས་ཞུ་སྦྱོར་སྔ་མ་ངོས་མི་ཤེས་པར་ཁ་གཡར་ནས་གླ་ཆ་ལྷག་མ་རྣམས་སྤྲད་མེད། རང་ངོས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་ཆེད། ཞུ་སྦྱོར་སྔ་མ་ཐེན་ཆེ་གེ་མོ་སོགས་མི་6གིས་ཁ་རུབ་ཆུས་མི་དམངས་ཁྲིམས་ཁང་ལ་ཁྲིམས་ལྟར་གཞུང་གཏུག་བརྒྱབ་པ་རེད།

    གྱོད་གཞི་བདག་སྤྲོད་བྱས་རྗེས་ཁ་རུབ་ཆུས་ཁྲིམས་ཁང་གིས་གྱོད་གཞི་དེ་དག་ནི་ཞིང་པ་ལས་མིའི་གླ་ཆ་དང་འབྲེལ་བ་ཡོད་པའི་རྩོད་གཞི་ཤ་སྟག་ཡིན་པར་གཞིགས་ནས་ཞིང་པ་ལས་མིའི་ཁྲིམས་མཐུན་ཁེ་དབང་འགན་ལེན་ཏན་ཏིག་བྱ་ཆེད། སྒྲུབ་འགན་འཁུར་མཁན་ཁྲིམས་དཔོན་གྱིས“རང་ཉིད་ཀྱིས་ཞུ་གཏུག་རྒྱག་པ་ལྟར”གྱི་འདུ་ཤེས་ཐོག་ནས་འཕྲལ་དུ་ཞུ་སྦྱོར་སྔ་མ་དང་ཕྱི་མ་དང་འབྲེལ་གཏུག་བྱས་ནས་བར་འདུམ་ཐེངས་མང་བྱས་པ་མ་ཟད། བཅའ་ཁྲིམས་ཀྱི་མཇུག་འབྲས་ངང་རྒྱུད་རིང་པོས་གསལ་འགྲེལ་བྱས་ཡོད། ཞུ་སྦྱོར་སྔ་མའི་དཔང་རྟགས་མི་འདང་བའི་གནས་ཚུལ་འོག་སྒྲུབ་འགན་འཁུར་མཁན་ཁྲིམས་དཔོན་གྱིས་བརྩེ་བ་དང་གནས་ལུགས་བརྗོད་པར་བརྟེན། མཐར་ཕྱོགས་གཉིས་དབར་བསམ་འཆར་གཅིག་མཐུན་བྱུང་ཡོད། དེར་བརྟེན་ངལ་རྩོལ་གན་རྒྱའི་རྩོད་གཞི་6ཡོངས་སུ་བསལ་ཐུབ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།