ཆུ་ཤུར་གྲོང་རྡལ་གྱིས་གཞོན་ནུ་ལོ་ཆུང་གིས་སྨན་རྫས་གང་བྱུང་ཟ་བ་འགོག་ཟོན་གྱི་དྲིལ་བསྒྲགས་བྱེད་སྒོ་ཧུར་ཐག་སྤེལ་བ།
འདི་ནི་ཆུ་ཤུར་རྫོང་སློབ་ཆུང་གི་སློབ་མ་ཚོས་ཟ་མི་རུང་བའི་སྨན་རྫས་སྣ་ཚོགས་སྐོར་སློབ་སྦྱོང་བྱེད་བཞིན་པ།
ཉེ་ཆར། ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་ཆུ་ཤུར་གྲོང་རྡལ་གྱིས་ཆུ་ཤུར་རྫོང་སློབ་ཆུང་དང་མཉམ་དུ“གཞོན་ནུ་ལོ་ཆུང་གིས་སྨན་རྫས་གང་བྱུང་ཟ་བ་འགོག་ཟོན”གྱི་དྲིལ་བསྒྲཌ་བྱེད་སྒོ་ཤུགས་ཆེན་སྤེལ་བ་རེད། ད་ཐེངས་ཀྱི་བྱེད་སྒོའི་དམིཌ་ཡུལ་ནི་སློབ་གསོ་ཁྲིད་སྟོན་གཏིང་ཟབ་བརྒྱུད། གཞོན་ནུ་ལོ་ཆུང་ཚོས་སྨན་རྫས་གང་བྱུང་བཟས་ན་གནོད་སྐྱོན་ཆེན་པོ་ཡོད་ལུགས་ཤེས་སུ་འཇུག་པ་དང་། སྨན་རྫས་གང་བྱུང་ཟ་རུ་འཇུག་པའི་བསླུ་བྲིད་སྣ་ཚོགས་ཤན་འབྱེད་ཡང་དག་ཐུབ་པ་དང་གཏན་འགོག་མཐའ་གཅིག་ཏུ་བྱེད་ཤེས་པ། ལག་གདང་སྦྲེལ་ནས་བདེ་ཐང་དང་། འཆམ་མཐུན། བདེ་འཇགས་བཅས་ཀྱི་འཚར་ལོངས་ཁོར་ཡུག་ཅིག་གཏོད་ཆེད་རེད།
དྲིལ་བསྒྲགས་བྱེད་སྒོ་སྤེལ་བའི་ཉིན་དེར་ཆེད་ལས་མི་སྣས་གོ་བདེ་ཤེས་སླའི་སྐད་ཆའི་ཐོག་ནས་སློབ་ཆུང་སློབ་མར་སྨན་རྫས་གང་བྱུང་བཟས་ན་གནོད་སྐྱོན་གང་དག་ཡོད་པ་དང་དེ་བཞིན་གནས་ཚུལ་དེ་རིགས་སྔོན་འགོག་བྱེད་སྟངས་གསལ་བཤད་ཞིབ་ཕྲ་བརྒྱབ་པས། རྒྱ་ཆེའི་གཞོན་ནུ་ལོ་ཆུང་ཚོས་སྨན་རྫས་གང་བྱུང་བཟས་ན་གནོད་སྐྱོན་གང་དག་ཡོད་པ་གསལ་པོ་ཤེས་ཡོད་ལ། ཁོ་ཚོའི་རང་ངོས་སྲུང་སྐྱོང་གི་འདུ་ཤེས་ཀྱང་ཟབ་ཏུ་ཕྱིན་ཡོད། དེ་དང་ཆབས་ཅིག་ཁྱིམ་བདག་གིས་ཕྲུ་གུའི་སེམས་ཁམས་དང་བདེ་ཐང་ལ་ཚད་མཐོའི་དོ་ཁུར་དང་ཁྱིམ་ཚང་དང་སློབ་གྲྭའི་དབར་གྱི་འབྲེལ་གཏུག་དང་མཉམ་ལས་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ། གཞོན་ནུ་ལོ་ཆུང་གིས་སྨན་རྫས་གང་བྱུང་ཟ་བ་མཉམ་དུ་འགོག་ཟོན་བྱེད་རྒྱུའི་རེ་འབོད་བྱ་ཆེད། ཆུ་ཤུར་གྲོང་རྡལ་གྱི་གྲོང་ཚོ་གསུམ་གྱི་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་གུང་གཞོན་སྡེ་ཚོགས་ཨུ་ལྷན་གྱིས་ཉེ་དུས་མང་ཚོགས་ཀྱི་ཚོགས་འདུ་འཚོགས་པ་དང་དེ་བཞིན་བྱེད་སྒོ་གཞན་དག་སྒྲིག་འཛུགས་བྱེད་སྐབས《གཞོན་ནུ་ལོ་ཆུང་གིས་སྨན་རྫས་གང་བྱུང་ཟ་བ་འགོག་ཟོན་བྱས་ཏེ་སྐྱོན་བྲལ་དུག་མེད་ཀྱི་མི་ཚེ་སྐྱེལ་དགོས》ཞེས་པའི་དྲིལ་བསྒྲགས་ལག་དེབ་སྤྲད་པ་རེད།
ད་ཐེངས་ཀྱི་བྱེད་སྒོ་དེས་སློབ་གྲྭ་དང་གྲོང་ཚོ་ཁག་ཏུ་དུག་རྫས་སྔོན་འགོག་གི་དྲིལ་བསྒྲགས་རྣམ་པ་ཟབ་མོ་ཞིག་བཏོད་ནས་གཞོན་ནུ་ལོ་ཆུང་སྐྱོན་བྲལ་ངང་འཚར་ལོངས་ཡོང་བར་ཁོར་ཡུག་བཟང་པོ་ཞིག་བཏོད་པ་མ་ཟད། ད་དུང་གཞོན་ནུ་ལོ་ཆུང་གིས་སྨན་རྫས་གང་བྱུང་ཟ་བ་མཉམ་དུ་འགོག་ཟོན་བྱེད་པའི་རྣམ་པ་བཟང་པོ་ཞིག་ཀྱང་བཏོད་པ་རེད།