དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ནག་ཆུའི་སློབ་གྲྭ་ཁག་ཏུ་དུག་འགོག་གི“སློབ་འགོ་ཚུགས་ པའི་སློབ་ཚན་དང་པོ”འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-09-11

    གཞོན་ནུ་ལོ་ཆུང་གི་དུག་རྫས་སྔོན་འགོག་སློབ་གསོར་སྔར་བས་ཤུགས་སྣོན་རྒྱག་པ་དང་། གཞོན་ནུ་ལོ་ཆུང་གི་སྨན་རྫས་གང་བྱུང་ཟ་བ་འགོག་ཟོན་གྱི་འདུ་ཤེས་དང་ནུས་པ་ཆེ་རུ་གཏོང་བ། གཞོན་ནུ་ལོ་ཆུང་སྐྱོན་བྲལ་ངང་འཚར་ལོངས་ཡོང་བར་རམ་འདེགས་བྱེད་པ། དུག་འགོག་གི་འགོག་སྲུང་འཛིང་རགས་བརྟན་པོ་འཛུཌ་པ་བཅས་བྱ་ཆེད། ནག་ཆུ་གྲོང་ཁྱེར་གྱི་རྫོང(ཆུས)ཁག་གི་དུག་འགོག་སྡེ་ཚན་གྱིས་ཁོངས་གཏོགས་ཁུལ་གྱི་སློབ་གྲྭ་དང་མཉམ་འབྲེལ་བྱས་ཏེ“སྨན་རྫས་གང་བྱུང་ཟ་བ་འགོག་ཟོན་བྱས་ནས་བདེ་ཐང་གི་མི་ཚེ་ལོངས་སུ་སྤྱོད”ཅེས་པ་བརྗོད་དོན་གཙོ་བོར་བྱས་ཏེ་དུག་འགོག་གི“སློབ་འགོ་ཚུགས་པའི་སློབ་ཚན་དང་པོའི”དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།

    བྱེད་སྒོ་སྤེལ་རིང་། དུག་འགོག་མི་དམངས་ཉེན་རྟོག་པས་དེ་གར་ཡོད་པའི་དགེ་སློབ་ཚོར་སྦྲིད་སྨན་གྱི་རིཌ་དང་སྨན་རྫས་གང་བྱུང་ཟ་བ་དང་དུག་རྫས་དབར་གྱི་འབྲེལ་བ་ངོ་སྤྲོད་བྱས་པ་མ་ཟད། གྱོད་དཔེ་དངོས་ལ་བརྟེན་ནས་དགེ་སློབ་ཚོར་དུག་རྫས་དང་དེ་བཞིན་སྨན་རྫས་གང་བྱུང་ཟ་བ་དེས་གཞོན་ནུ་ལོ་ཆུང་ལ་གནོད་འཚེ་ཇི་འདྲ་བཟོ་གི་ཡོད་མེད་གསལ་བཤད་ཞིབ་ཕྲ་བྱས་པ་དང་བྱེད་སྒོའི་རིང་ཁྱོན་དྲིལ་བསྒྲཌ་དཔྱད་གཞི་5000ལྷག་ཙམ་སྤྲད་ཡོད་པ་རེད། འདི་ནི་ནག་ཆུ་གྲོང་ཁྱེར་སོག་རྫོང་གི་དུག་འགོག་མི་དམངས་ཉེན་རྟོག་པས་ཁོངས་གཏོགས་ཁུལ་གྱི་སློབ་གྲྭའི་དགེ་སློབ་ལ་དུག་འགོག་གི་འབྲེལ་ཡོད་ཤེས་བྱ་སྒྲོག་འགྲེལ་བྱེད་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།