དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • རྩྭ་མདའ་རྫོང་སྤྱི་བདེ་ཅུས་ཀྱིས་རྒྱལ་ཁབ་ཀྱི་སྲུང་སྐྱོབ་སྲོག་ཆགས་ཤིག་བསྐྱབས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-09-11

    ཉེ་ཆར། རྩྭ་མདའ་རྫོང་སྤྱི་བདེ་ཅུས་ཝུ་ཚང་ཞིབ་བཤེར་ས་ཚིགས་ཀྱི་མི་དམངས་ཉེན་རྟོག་པས་སྐོར་གཡེང་བྱེད་སྐབས་རྐྱང་ཁྱུ་དང་ཁ་ཐོར་བའི་རྐྱང་ཕྲུག་ཅིག་ལམ་འགྲམ་དུ་འགྱེལ་ནས་བསྡད་ཡོད་པ་མཐོང་། ཤེས་རྟོགས་བྱུང་བར་གཞིགས་ན། རྐྱང་ནི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོབ་སྲོག་ཆགས་ཀྱི་ཁོངས་སུ་གཏོགས་པས། མི་དམངས་ཉེན་རྟོག་པས་འཕྲལ་མ་ཉིད་དུ་རྐྱང་ཕྲུག་དེ་ཞིབ་བཤེར་ས་ཚིགས་སུ་བསྐྱལ་རྗེས་ཐག་ཉེ་ཤོས་ཀྱི་བྱང་རྩེ་ཤང་དུ་ཕྱིན་ནས་འོ་མ་དང་འཇིབ་རུ་སོགས་ཅ་དངོས་ཉོས་ཏེ་རྐྱང་ཕྲུག་སྐྱོབ་ཐབས་བྱས།

    མི་དམངས་ཉེན་རྟོག་པའི་རོགས་རམ་ཞིབ་ཚགས་འོག་རྐྱང་ཕྲུག་དེ་རིམ་བཞིན་དྲག་སྐྱེད་བྱུང་བ་དང་། དེ་རྗེས་མི་དམངས་ཉེན་རྟོག་པས་ནགས་ལས་སོགས་འབྲེལ་ཡོད་སྡེ་ཚན་དང་འབྲེལ་གཏུག་བྱས་ནས་དྲག་སྐྱེད་བྱུང་བའི་རྐྱང་ཕྲུག་དེ་རང་བྱུང་ཁམས་ཆེན་པོའི་ཕང་བར་གློད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།