དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ལྷོ་ཁ་གྲོང་ཁྱེར་སྤྱི་བདེ་ལས་ཁུངས་ཀྱིས་དམངས་སྲོལ་གནས་ཚང་གི་སྦྱིན་བདག་ལ་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་ཤེས་བྱ་སྒྲོག་འགྲེལ་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-09-11

    ཉེ་ཆར། ལྷོ་ཁ་གྲོང་ཁྱེར་སྤྱི་བདེ་ཅུས་རྒྱལ་མཚམས་འཛུལ་སྒྲོལ་དོ་དམ་ཉིང་ལག་རུ་ཁག་དང་། སྣེ་གདོང་ཆུས་སྤྱི་བདེ་ཅུས་ཀྱི་འབྲེལ་ཡོད་ལས་སྒོའི་སྡེ་ཚན། ཁྲ་འབྲུག་གྲོང་རྡལ་མངགས་གཏོང་ཁང་བཅས་ཀྱིས་མཉམ་དུ་སྣེ་གདོང་ཆུས་བཀྲ་ཤིས་མཆོད་རྟེན་སྡེ་ཁུལ་དུ་བསྐྱོད་དེ་དམངས་སྲོལ་གནས་ཚང་གི་སྦྱིན་བདག་ལ་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་ཤེས་བྱ་སྒྲོག་འགྲེལ་བྱས་པ་རེད།

    བྱེད་སྒོ་སྤེལ་རིང་། མི་དམངས་ཉེན་རྟོག་པས་འཆད་ཁྲིད་བརྒྱུད་གོ་བདེ་ཤེས་སླའི་སྒོ་ནས་དམངས་སྲོལ་གནས་ཚང་གི་སྦྱིན་བདག་89ལ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་དོ་དམ་ཆད་གཅོད་སྲོལ་ཡིག》དང་། ཀང་ཨའོ་ཐའེ་ས་ཁུལ་གྱི་གྲོང་མི་ནང་སར་འགྲོ་འོང་གི་ལམ་ཡིག་དང་ཀང་ཨའོ་ས་ཁུལ་གྱི་གྲོང་མིའི་གནས་སྡོད་ལག་ཁྱེར་ངོས་འཛིན་དང་། དེ་བཞིན་ཀང་ཨའོ་ཐའེ་ས་ཁུལ་གྱི་གྲོང་མི་ནང་སར་འགྲོ་འོང་གི་ལམ་ཡིག(རྒྱལ་ཁོངས་ཀྲུང་གོ་མིན་པ)གི་བཟོ་ལྟ་དང་དོ་དམ་ཚད་གཞིར་གཙོ་གནད་འགྲེལ་བཤད་བརྒྱབ་སྟེ། དམངས་སྲོལ་གནས་ཚང་གི་སྦྱིན་བདག་ལ“མིང་ངོ་མ་དང་། དུས་ཚོད་ངོ་མ། དོན་ངོ་མ། མི་གྲངས་ངོ་མ”བཅས་ཀྱི་ཐོ་འགོད་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ནས་ལག་ཁྱེར་མེད་པར་ཞག་སྡོད་དང་། མི་དང་ལག་ཁྱེར་མི་མཐུན་པ། མི་གཅིག་གིས་ཐོ་བཀོད་དེ་མི་མང་པོ་སྡོད་པ་སོགས་ཀྱི་གནས་ཚུལ་གཏན་འགོག་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

    ད་ཐེངས་ཀྱི་བྱེད་སྒོ་བརྒྱུད་དམངས་སྲོལ་གནས་ཚང་གི་སྦྱིན་བདག་གི་བཅའ་ཁྲིམས་འདུ་ཤེས་དང་བདེ་འཇཌ་འགོག་ཟོན་འདུ་ཤེས་ཟབ་ཏུ་ངེས་ཅན་ཕྱིན་པ་དང་འགྲུལ་པ་ཞག་སྡོད་ཐོ་འགོད་ཀྱི་གོ་རིམ་སྔར་བས་ཚད་ལྡན་དུ་ཕྱིན་ནས། དབྱར་དུས་ཀྱི་བདེ་འཇགས་རྡུང་རྡེག་བཅོས་སྒྲིག་བྱ་སྤྱོད་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་སྣ་ཚོགས་འགོག་ཟོན་ནུས་ལྡན། སྤྱི་ཚོགས་ཀྱི་སྤྱི་ཡོངས་ཞི་མཐུན་བརྟན་ལྷིང་ཡོང་བར་རམ་འདེགས་བཅས་བྱེད་པར་རྨང་གཞི་བརྟན་པོ་བཏིང་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།