མངའ་རིས་ས་ཁུལ་གྱི“གངས་ལྗོངས་ཀྱི་ཕུབ་སྔོན། མེ་ཟོན་དྲིལ་བསྒྲགས་སློབ་གསོའི་འཆད་ཁྲིད་ཚོགས་པ”ཡིས།
སྡེ་ཁུལ་གྱི་བྱིས་པ་མེ་ཟོན་ཚན་རིག་ཁྱབ་གདལ་སློབ་གསོའི་རྟེན་གཞིར་ལྟ་སྐོར་དུ་ཁྲིད་པ།
འདི་ནི་མེ་ཟོན་རུ་མིས་སློབ་མར་མེ་ཟོན་སྒྲིག་ཆས་བེད་སྤྱོད་བྱེད་སྟངས་སློབ་བཞིན་པ།
འདི་ནི་མེ་ཟོན་རུ་མིས་སློབ་མར་མེ་ཟོན་བདེ་འཇགས་ཀྱི་ཤེས་བྱ་འཆད་ཁྲིད་བྱེད་བཞིན་པ།
དབྱར་ཁའི་གུང་གསེང་གི་མེ་ཟོན་བདེ་འཇགས་དྲིལ་བསྒྲགས་སློབ་གསོའི་ལས་དོན་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་ལོ་ཆུང་བྱིས་པའི་མེ་ཟོན་བདེ་འཇགས་ཀྱི་འདུ་ཤེས་དང་རང་འགོག་རང་སྐྱོབ་ཀྱི་ནུས་པ་ཆེ་རུ་གཏོང་བ་དང་དབྱར་ཁའི་གུང་གསེང་གི་མེ་ཟོན་བདེ་འཇགས་ཁོར་ཡུག་བཟང་པོ་གཏོད་ཆེད། ཉེ་ཆར་མངའ་རིས་ས་ཁུལ་གྱི“གངས་ལྗོངས་ཀྱི་ཕུབ་སྔོན། མེ་ཟོན་དྲིལ་བསྒྲགས་སློབ་གསོའི་འཆད་ཁྲིད་ཚོགས་པ”ཡིས་གུང་གཞོན་སྡེ་ཚོགས་ས་ཨུད་དང་། ས་ཁུལ་ལྷག་བསམ་རྣམ་དག་སྤྱི་ཚོགས་ལས་དོན་ཞབས་ཞུ་ལྟེ་གནས། སྒར་རྫོང་སེང་གེ་ཁ་འབབ་གྲོང་རྡལ་སྤྱི་ཚོགས་ལས་དོན་ཞབས་ཞུ་ས་ཚིགས་བཅས་དང་མཉམ་འབྲེལ་ཐོག་གཞོན་ནུ་ལོ་ཆུང་9མངའ་རིས་ས་ཁུལ་གྱི་མེ་ཟོན་རོགས་སྐྱོབ་ཚན་རིག་ཁྱབ་གདལ་སློབ་གསོའི་རྟེན་གཞིར་ལྟ་སྐོར་དང་ཞིབ་སྦྱོང་ལ་བསྐྱོད་རྒྱུའི་སྒྲིག་འཛུགས་བྱས་ཡོད།
བྱེད་སྒོའི་རིང་མངའ་རིས་ས་ཁུལ་གྱི“གངས་ལྗོངས་ཀྱི་ཕུབ་སྔོན། མེ་ཟོན་དྲིལ་བསྒྲགས་སློབ་གསོའི་འཆད་ཁྲིད་ཚོགས་པའི”དྲིལ་བསྒྲགས་པས་སློབ་མ་ཚོའི་སྣེ་ཁྲིད་དེ་འགྲེམས་ཁང་ཁག་ཏུ་བསྐྱོད་ནས་མེ་ཟོན་བདེ་འཇགས་ཀྱི་ཤེས་བྱ་དང་། མེ་གསོད་VRཉམས་ལེན། འདྲ་བཟོའི་མེ་སྐྱོན་སྲོག་ཉེན་ལས་ཐར་ཐབས། “119”འདྲ་བཟོའི་ཉེན་བརྡ། མེ་གསོད་སྒྲིག་ཆས་བེད་སྤྱོད་བྱེད་སྟངས་སོགས་དེང་རབས་ཅན་གྱི་ཚན་རྩལ་མཐོ་བའི་འདྲ་བཟོའི་སྒྲིག་ཆས་སྣ་ཚོགས་ལ་འགྲེལ་བཤད་གཏིང་ཟབ་བརྒྱབ་པས། ལྟ་སྐོར་བྱེད་མཁན་དགེ་སློབ་ཚོའི་ཉམས་ལེན་གྱི་སྤྲོ་སེམས་རབ་ཏུ་འཕེལ་ཡོད། གོམ་སྟབས་རྗེས་མར་རྒྱ་ཆེའི་གྲོང་མི་མང་ཚོགས་དེ་བས་མང་བ་མེ་ཟོན་རུ་ཁག་དང་ས་ཚིགས་སུ་ཁྲིད་དེ“གཅིག་འཐུས་རྣམ་པའི”མེ་ཟོན་ཉམས་ལེན་བྱས་པ་ལས། རྒྱ་ཆེའི་མང་ཚོགས་ཀྱིས་མེ་ཟོན་ཤེས་བྱ་ཤེས་རྟོགས་དང་མེ་ཟོན་ལ་དོ་ཁུར་ཆེན་པོ་བྱེད་པ་བྱ་རྒྱུ་ཡིན་པ་རེད།