དབུ་ཤོག>ཁྲིམས་ལུགས།
  • གཞིས་རྩེ་བསམ་གྲུབ་རྩེ་ཆུས་ཞིབ་དཔྱོད་ཁང་གིས།

    གོ་གནས་ལ་བརྟེན་ནས་ཧམ་བཟུང་གི་ཉེས་པ་བསགས་པའི་དོཌ་ཡོད་གྱོད་གཞི་ཞིག་ལ་ཞུ་གཏུག་མི་རྒྱག་པའི་ཐག་བཅད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-09-11

    ཉེ་ཆར་གཞིས་རྩེ་བསམ་གྲུབ་རྩེ་ཆུས་མི་དམངས་ཞིབ་དཔྱོད་ཁང་གིས་ཁྲེན་ཆེ་གེ་མོའི་གོ་གནས་ལ་བརྟེན་ནས་ཧམ་བཟུང་གི་ཉེས་པ་བསགས་པའི་དོགས་ཡོད་གྱོད་གཞིར་ཞུ་གཏུག་མི་རྒྱག་པའི་ཡོངས་བསྒྲགས་དཔང་ཉན་ཚོགས་འདུ་འཚོགས་རྗེས། ཁྲེན་ཆེ་གེ་མོས་གྱོད་སྒྲུབ་ཞིབ་དཔྱོད་དཔོན་ལ་ཐུགས་རྗེ་ཆེ་ཞུས་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། ཉེས་གསོག་དོགས་ཅན་ཁྲེན་ཆེ་གེ་མོས་བོད་ཀྱི་ཁེ་ལས་དོ་དམ་ཀུང་སི་ཞིག་གི་ལས་འགན་འཁུར་རིང་གོ་གནས་ཀྱི་སྟབས་བདེ་སྤྱད་ནས་ཀུང་སིར་སྤྲོད་དགོས་པའི་དངུལ་སྨར་སྒོར་ཁྲི་9ལྷག་ཙམ་རང་ཉིད་ཀྱིས་ཉར་བ་རེད། གྱོད་གཞི་ཐོན་རྗེས་ཁྲེན་ཆེ་གེ་མོས་རང་འགུལ་ངང་གནོད་འཚེ་ཕོག་མཁན་ལ་དངུལ་དེ་དག་ཕྱིར་སློག་བྱས་པ་མ་ཟད་གནོད་འཚེ་ཕོག་མཁན་ཕྱོགས་ཀྱི་བསམ་ཤེས་ཐོབ་ཡོད།

    དཔང་ཉན་ཚོགས་འདུའི་ཐོག་སྒྲུབ་འགན་འཁུར་མཁན་ཞིབ་དཔྱོད་དཔོན་གྱིས་ཚོགས་ཞུགས་མི་སྣར་གྱོད་གཞིའི་གཞི་རྩའི་གནས་ཚུལ་ངོ་སྤྲོད་བྱས་པ་མ་ཟད། གྱོད་གཞི་ཞུ་གཏུག་མི་རྒྱག་པའི་རྒྱུ་མཚན་དང་བཅའ་ཁྲིམས་ཀྱི་གཞི་འཛིན་ས་གསལ་བཤད་ཀྱང་བྱས་པ་རེད། དཔང་ཉན་པས་གྱོད་གཞིའི་གནས་ཚུལ་དང་ཞུ་གཏུག་མི་རྒྱག་པའི་རྒྱུ་མཚན་ཕྱོགས་ཡོངས་ནས་ཤེས་རྟོགས་བྱུང་རྗེས་གྱོད་གཞི་ཐག་གཅོད་བྱ་རྒྱུའི་ཐད་བསམ་འཆར་བཏོན་ཡོད། ཞིབ་འཇུག་དང་དཔྱད་མོལ་བྱས་པ་བརྒྱུད། ཞིབ་དཔྱོད་ལས་ཁུངས་ཀྱིས་ཉེས་གསོག་དོགས་ཅན་ལ་ཞུ་གཏུག་མི་རྒྱག་པའི་ཐག་གཅོད་བྱ་རྒྱུར་མགྲིན་གཅིག་ཏུ་མོས་མཐུན་བྱས་ཡོད། གྱོད་གཞི་དེ་ཞུ་གཏུག་མི་རྒྱག་པའི་གཏན་འབེབས་བྱས་པར་ཁྲིམས་གཞིའི་གནས་ལུགས་དང་མི་ཆོས་གཉིས་ཀར་བསམ་བློ་བཏང་ཡོད་པ་དང་ཁྲིམས་འཛིན་གྱོད་གཞི་ཐག་གཅོད་བྱེད་པའི་བཅའ་ཁྲིམས་ཀྱི་ཕན་འབྲས་དང་། ཆབ་སྲིད་ཀྱི་ཕན་འབྲས། སྤྱི་ཚོགས་ཀྱི་ཕན་འབྲས་བཅས་གཅིག་གྱུར་དམ་ཚགས་ཡོང་བར་སྐུལ་མ་ཐེབས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།